| | e-texts navigator
|
295b1 སྐྱོན་དུ་བསྟེན་པ་ཞག་གསུམ་བྱའོ།། ཉི་ཤུ་བརྒྱད་དང་ཉི་ཤུ་གསུམ།། མདུན་གྱི་མཎྜལ་ཁྲུག་གིས་བྷ་།། ཧེ་རུ་ཀ་ཡི་གཏོར་མ་བཞག། དེ་བསྙེན་ཀུན་སྔང་ཅུ་བསྒོམས་ཏེ།། གྲུ་བསྐྱེད་སྤྱན་དྲངས་མཆོད་པ་ཟླ།། བསྡིག་དང་དབང་སྲུད་པ་ལ་ཟས་མནན།། དབང་བྷཱུ
295b2 སྙིང་པོ་འབྲུ་གསུམ་དང་།། མོ་ཡི་སྲོག་སྙིང་མཚན་རྟགས་བཟླས།། ནམ་ལངས་པ་དང་མ་མོའི་དབུས་ན་འདུག་པར་བསྒོམ།། མ་མོ་བཞི་པོ་ཕྱོགས་བཞིར་གནས།། ཟང་སྔགས་འཁོར་གྱི་མ་མོ་ཡིས།། འཕགས་ཤིང་གསང་ཅིང་ཚུལ་ཆེ་མཆོག་དང་།། མ་མོ་བཞི་པོ་སྟེ
295b3 བར་དམིགས།། བརྒྱ་བརྒྱ་བར་དུ་རིམ་བཞིན་བསྲེག། བར་དུ་གཙོ་མོ་བསྐུལ་བར་བྱའོ།། སྦྱིན་སྲེག་ལ་ཡང་རྣམ་བཞི་སྟེ།། སྐྱི་དང་པོ་གསད་པ་དང་ནད་དཀྲ་འབེབས་པའི་རྫས་ཀྱིས་བསྲེག། ངོས་འཛིན་ནང་རྣམས་བསྔར་ངྒེ་བསྲེག། དེ་ནས་སྦྱིན་བསྲེག་རྫོགས་པ་དང་།
295b4 ལམ་གྱི་རྩ་གྲ་མ་འདུ་བའི་སར་དུར་ཁྲོད་རས་དང་འཁོར་ལོ་ནི་ཐིག་ལེ་དགུ་དང་ལྡན།། ཕྱོགས་བཞིར་མ་བཞིའི་སྙིང་པོ་ཟེ།། མཚམས་བཞིར་ཤན་པའི་སྙིང་པོ་བྲི།། དབུས་སུ་གཙོ་འཁོར་བྲི་བར་བྱ།། ས་ཕྱོགས་དག་ཏུ་མྀར་བྱ།། ཆུང་ཟད་གྲུབ་པའི་རྣལ་འབྱོར་པས།
295b5 འཁོར་གྱི་བྲ་ལ་གཏད་བ་ནི།། ཕ་མེས་ཐོད་པའི་ནང་དུ་ཡང་།། འབྲེ་ལྔ་ལྔ་ལ་སྦྲུལ་གཟུགས་བྱ།། མིང་ཆུས་ཚང་བར་ཤིང་ཤུན་དྲི།། འཁོར་ལོའི་དབུས་སྐུ་གདགས་པར་བྱ།། དེ་ཡང་ཡུལ་ནི་མགོ་ལ་གདགས།། ལྷལ་མགོ་ཚོན་ཆུད་ཀྱིས་བཅིངས་ལ།
295b6 པའི་མདུན་དུ་བཏགས་ལ་བཅིང་།། ཆུ་རིག་མདོག་ཅན་འཇིགས་སར་གཞོན།། བྱང་དུ་བསྐུས་པས་མཆོག་ཡིན་ཏེ།། པཎྜ་ཏེ་རྒྱབ་ཆུ་བསྒོམ།། རྒྱ་མཚོ་གླིང་བཞིའི་གྱུར་མ་དཀྲུག། རྐྱེན་དུང་སོར་མ་སྐྱེར་རྐང་པས་དགུག། དམག་གི་མ་མ་བར་དྲང་དབུས།།
295b7 རྣམས་འཁོར་གཟི་བསམ།། ང་ནི་སྦྲུལ་གཏད་པ་ཡིན།། འབྲིང་དེ་བདྲུད་དང་རྒྱལ་པོ་ལ།། སྒོར་ང་གོང་གིས་བྱ་བ་ཡིན།། སྦྱིན་སྲེག་ཐལ་བ་རྒྱ་མཆོར་དོ།། སྙིང་ཏེག་བཀོལ་བའི་རྒྱུད་ལས་སྦྱིན་སྲེག་དང་མནན་པའི་ལེའུ་སྟེ་ལྔ་པའོ།། ། སེམས་ཅན་མོས་པས་དད་པ་ལ།
iiif viewer powered by OpenSeadragon
295a - 296a