| | e-texts navigator
|
291b1 གཟུངས་ནི་བབ་པར་ཤོག། བཛྲ་མཱ་ལ་ཨ་ཏི་ཥིཿ།། རིགས་ཀྱི་པ་ཁྱོད་ལ་བོང་སེང་གི་དབང་བསྒྱུར་བས། ནུས་པའི་དབང་ཐོབ་པར་གྱུར་ཅིག། ཀུ་ནུས་ཡུངས་ཀར་ཐོགས་ལ། སྒྲུབ་པའི་ཛས་རྒྱ་ཅན་བརླབས་པའོ།། གྲོབ་གཟླ་བའི་འསླབ་པ།
291b2 ཡུངས་ཀར་རྒྱལ་པོས་དབང་བསྐུར་བས།། དགྲ་བགེགས་གྲོལ་བའི་དབང་ཐོབ་ཤོག། བཛྲ་ཀྲོཏ་ཨ་བྷི་ཥི་དྷ་དྷཱི། རིགས་ཀྱི་བུ་ཁྱོད་ལ་ཡུངས་ཀར་རྒྱལ་པོའི་དབང་བསྐུར་བས།། དགྲ་བགེགས་རྩོལ་བར་བྱེད་པའི་དབང་པོ་པར་གྱུར་ཅིག། འདོད་ཡོན་ལྔ་ལྡན
291b3 གཏོར་མ་འདྲི།། རིགས་ལྡན་ཁྱོད་ལ་དབང་བསྐུར་བས།། རང་བྱེང་དཔལ་གྱི་ལྷ་མོ་ཡིས།། རུས་པ་རྫོགས་པའི་དབང་པོབ་ཤོག། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཛྫ་ཨ། དཔལ་ལྷ་མོ་ཙི་ཏྟ་གསང་བའི་སྲོག་རྒྱལ་བའི་རྒྱུད་ལས་ནུས་པ་དབང་གི་ལེའུ་སྟེ་བཅུ་དྲུག་པ།
291b4 ནས་ཡང་བཅོམ་ལྡན་འདས་ཀྱིས། ཟོར་དྲུག་ཐུན་དང་འདུན་པོ་འདི་གསུངས་སོ།། སྙིང་ཟོར་ལུག་ནག་སྙིང་པ་ནི།། ཡུངས་ཀར་བྲབ་ཅིང་དེ་ཕྱོགས་འཕང་།། ཟོད་ཟོར་རབས་ཆད་ཐོད་པ་ཅུ།། ཁྲག་སྐུ་ཕྲུགས་ལ་དེ་ཕྱོགས་འཕང་།། བུ་ཟོར་བྱ་ནག་ཆེག
291b5 ཟབ་ཅིང་དེ་ཕྱོགས་ཕུར་བར་བྱ།། མདའ་བོར་བུག་པ་ཕོ་རོག་སྒོས་བསྨོན་ལ།། བུག་ཤིང་མདེའུ་བཅུག་ལ་འཕང་།། སྒོང་ཟོར་བྱ་ནག་སྒོང་བུ།། བྲན་པྲ་བ་དེ་ཕྱོགས་འཕང་བར་བྱ།། ཐུན་ནི་ཡུངས་ཀར་སྣ་ཚོགས་ཟན་སྣས་ཟབ་པར་བྱའོ།། ལྷ་མོ་ཙེཏྟ་གསང་བའི
291b6 སྲོག་རྒྱལ་བུའི་རྒྱུད་པས་ཐུན་ནོར་གྱི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་འཁོར་ན་གནས་པའི་ལྷ་མོ་དང་། གྲུ་མོ་དང་། བདུད་མོ་དང་། སྲིན་མོ་དང་། བདུད་དང་། མགོན་པོ་དང་། གནོད་སྦྱིན་དང་། གཟའ་དང་། གྲོལ་གིང་རྣམས་ཀྱིས་བསྟན་པ་འཝ
291b7 བར་དམ་བཅས་ནས། བཅོམ་ལྡན་འདས་ཀྱིས་གཞག་པའི་གནས་སུ་འདུག་ནས་སྒྲོལ་བའི་ཤིང་དུ་ཁས་གྲངས་སོ།། ཙིཏྟ་གསང་བའི་སྲོག་རྒྱལ་བུའི་རྒྱུད་ལས་དམ་བཅས་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། ། ཙིཏྟ་གསང་བའི་རྒྱུད་རྫོགས་སོ།།
iiif viewer powered by OpenSeadragon
291a - 292a