| | e-texts navigator
|
28b1 དགྲ་བགེགས་གང་རུང་མེད་རུས་དང་།། མ་མའི་སྙིང་པོ་གཞུག་པར་བྱ།། སླར་ཡང་མཐིང་ནག་དར་གྱིས་གཅད།། སྤྱི་བོར་ལེ་བརྒན་བུར་གཅིག་དབུབ།། འབྲུ་ནག་ཟན་ལ་ལྟས་ངན་ནི།། རང་ཉིད་གང་འབབས་ཤ་ཁྲག་དང།། བསྲེས་ཏེ་ལྟས་ངན་གཟུགས་བྱས
28b2 ཏེ།། མུ་མོ་ཉིད་ལ་བསྐོར་ལ་བཞག། ཡང་སྦལ་སྣ་ཚོགས་དབབ་པའི་ཕྱིར།། རེ་རེ་ལ་ཡང་བཞི་བཞིས་བསྐོར།། རང་རང་སྙིང་ཁྲག་ཤ་རུས་ལ།། གཏོར་མ་བྱས་ཏྭ་གཞག་པར་བྱ།། གསོབ་ལ་སོགས་པའང་དེ་བཞིན་ཏེ།། སུམ་སུལ་འོང་དང
28b3 དབབ་པའི་ཕྱིར།། མེ་ལོང་གཡབ་ཅིང་སྔགས་ཀྱང་བཟླས།། རུ་དར་ནག་པོ་རྟེན་དུ་བཅའ།། མ་མོ་ཉིད་ཀྱི་རྒྱབ་ཏུ་ཡང་།། སྔོན་དམར་དྲ་བ་བསྲུར་བར་བྱ།། རྐེ་རུ་གསེར་གྱི་དྲ་བ་གདགས།། མདུན་དུ་ཆ་ཤོག་དུག་ལ་ཡང་།། མཉེས་ཡུས་འབྲིས་ལ་བཞག
28b4 རྣལ་འབྱོར་རང་གི་སྤྱོད་ཡུལ་ལས།། རྒྱལ་བའི་སྲས་པོ་ཉིད་མེ་བསྙེན།། བྱང་སེམས་དཀར་དམར་ཨ་མྲྀ་ཏ།། ཆད་ཕུད་སོགས་པས་དབང་ཡང་བསྐུར།། ལྷས་ངན་བདག་མོར་དབང་ཡང་བསྐུར།། ལྷས་ངན་སྣ་ཚོགས་འབེབས་པར་བསྒོམ།། སྙིང་ཕྲག
28b5 སྐྱེང་དང་སྲོག་རྩའི་ཁྲག། སྣ་ཚོགས་ལྷས་ངན་ཤ་ཁྲག་སྦར།། ནང་ནུབ་གཏོར་མ་ཆུན་མི་གཅད།། ཉམས་དང་རྨི་ལམ་མངོན་སུམ་དུ།། རྣལ་འབྱོར་རང་གི་གནས་སུ་ངོང་།། དེ་ནས་དགྲལ་ཟད་པར་བྱ།། བདག་ཉིད་ཆེ་མཆོག་ཧ་རྦཀ། མ་མོ་ཐག་ལ་སུ་མངོན
28b6 བསྐྱེད།། ལྷས་ངན་སྣ་ཚོགས་འགྱེད་པར་བསྒོམ།། སྔགས་འདི་ཀུན་དུ་བཟླས་པར་བྱ།། ཏྲག་རཀྵ་ཁ་མཱན་ཏྲ་མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་བྷྱོ། རག་མོ་ཏ་ཀེ་མར་རྡོ་ལ་བྷྱོ། རུ་ལུ་མུ་མུ་མ་ཧི་བྷོ། ཡཾ་ལིམ་ཤཾ་ལི་མ་མ་ཤ་ར། མ་ཤ་དུན་དཱ་ཐོ་བ་ཡ། ཏྲག་ཧེ་ཧེ་ཡཛུན་ཙེ་ཡ།
28b7 བིཀྲྀ་སྲྀ་ལ་དྲན་ཙེ་ཡ། ཀྱང་བྱེང་པོ་བ་ལ། ཁུ་འུར་ཏྲབ་ཏྲབ་ཐི་བཟབ་ཀྱི་ཀྱང་། དུན་དུན་ཐོབ་པ། ཐོ་པོ་ལི་དུར་ཡག་གི། དུ་ད་པྲི་ལ་དུན་ཙོ་ཐོབ་པ། ནྱ་དྷ་པི་ཡ། རང་གི་གནས་དང་པོ་ཕྱི་ན།། བི་བཐིབ་མ་བྱུང་བར་དུ་བཟླས།། ཏིང་ངེ་འཛིན་གྱིས་མཟིན་ན།། ཡང
iiif viewer powered by OpenSeadragon
28a - 29a