e-texts navigator
Collection
Volume
Page
Wylie

28a1 ཆད་ལྤགས་སའི་ཐོད་ནང་དུ།། ཁྲི་མར་རོག་པ་དམར་ཟག།། སྭ་སྭཱ་མྦྷ་ཚོགས་བརྡུངས་ཏེ་སྤད།། གྲག་ལ་དྲུ་པ་ཟད་པར་བདུག། རྒྱ་ཚེ་ལགསར་ཅན་གགལ་ཆེ།། ཛདཔྱས་ཡུལ་ལྷ་འཇུག་པར་བྱ།། ཏམ་གྲིན་སྦྱར་བསྩོམ་མར
28a2 གཟིར།། མ་མོའི་བསྙེན་པ་རྫོགས་པ་དང་།། སྔགས་འདིས་བསྙེན་པ་འབུམ་དུ་བསྩལ།། དུད་ཕྲོམ་དཀར་བྲམ། ཤུད་ཏི་ཟོ་མ་ཡུག་ཏི་སྤྲིན། ཏྲག་དུར་ཙར་ཧྲིལ་བྷོ། ཤར་ཤ་ལ་ཏ་ཏྲཻལ་གྱོ། ཏྲ~ཾ་ཏྲཾ་མུར་དྷོ། ཕོ་བ་རབ་ཏུ་ཕོ་བ་ལ། ཡུལ་ལྷའི་ཐོག་ཏུ་ཐོད་པ
28a3 གནན།། ཁྲག་དང་སྔོ་ཁུས་ཡུལ་ལྷ་བསླུ།། དེ་དུས་སྔགས་འདིས་ཡུལ་ལྷ་གཟིར།། ཨོཾ་ཡ་མཱནྟ་ཀ། པདྨཱནྟ་ཀྲྀཏ། ཧཱ་ཡ་གྲཱི་བ། ཨ་ཙ་མེ་ད་ར་ཀུ་རུ་མེ་ཙེ་ས་བྲག་སྭཱ་ཧཱ། དྲག་ཏུ་ཁྲོས་ཏེ་བཟླས་པར་བྱ།། ཡུལ་ལྷ་རྟེན་བདག་གཟིར་ནས་ཀྱང་།། ཡུལ་ཁམས
28a4 སེར་བས་འཇོམས་པར་བཤད།། ཡང་ན་ཀླུ་གནས་ཆུ་མིག་དང་།། བདག་ཉིད་ནུབ་ཕྱོགས་ཕྱིར་བསྐྱེད་ལ།། བག་ཕྱེའི་སྦལ་བ་བཞི་བྱས་ཏེ།། ཁྲག་ལ་སྔགས་བཟླས་སྐྱེ་བོར་བླུགས།། མགོ་མཇུག་ཁྲག་དང་སྔོ་ཁུས་བསྡུ།། ཀླུ་ཡང་མི་བཟོད་འཇོམས
28a5 པར་བཤད།། ཟང་པོ་ཆེ་ལ་ལས་བྱས་ན།། ཕུག་པ་གཅིག་ཏུ་མེ་བཏང་ལ།། དགྲ་གཟུགས་བག་རྩེ་དག་ལ་བྱ།། མིང་རུས་ཁྲག་དང་སྔོ་ཁུ་དག། གཅིག་ཏུ་བསྲེས་ལ་སྦྱིན་པ་སྲེག་བྱ།། སྲིད་པ་འཁྲུག་པར་མ་གྱུར་ན།། སེར་བ་ཕེབས་པར་མི་འགྱུར་ཏེ།
28a6 མ་མོ་ཆུ་འཁྱགས་བདག་མོར་བསྒོམ།། ཞེས་གསུངས་སོ།། ཟ་བྱེད་སྤང་རྒྱལ་ནག་མོའི་རྒྱུད་ལས་སེར་བ་དབབ་པའི་སྐབས་ཏེ་ཉི་ཤུ་ལྔ་པའོ།། ། དེ་ནས་ལྟས་ངན་དབབ་པའི་ཕྱིར།། དཀྱིལ་འཁོར་ཕྲིན་ལས་རྣམ་བཞིར་བྲི།། དབུས་སུ
28a7 མཐིང་ནག་སུ་གསུམ་དུ།། ལྷས་ངན་པ་དག་མོ་ཞལ་ཕྱུང་སྟེ།། འབྲུན་ག་ཟན་ལ་དེ་བཞིན་པ་།། མཐིང་ནག་རལ་པས་ས་གཞི་ཁྱབ།། མཆ་གཙིགས་སྲན་དམར་ནབ་ཀྲོང།། ཕྱག་གཡས་ཙེདྷ་གཡོན་སྤང་མོ།། ཐུགས་ཀར་གྲུ་གསུམ་ཁ་རྒྱལ།




iiif viewer powered by OpenSeadragon

27b - 28b

Texts on this page

Gdg023.3 - ma mo e ka dza ti za byed spyang rgyal nag po'i rgyud