| | e-texts navigator
|
288b1 ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ལྷ་མོ་སུ་བསྐྱེད་ཅིང་རྒྱུན་དྲུ་པ་འདི་གསུངས་སོ།། ཨོཾ་ནག་མོ་ཏི་ལིང་མ་མདུན་ཏིང་།། དྷྲྀདྡྷོ། ཡི་གེ་མ་ལས་བགྱིད་པའི་རྒྱུ་མོ་དྷེ།། མཐིང་ནག་ཞལ་གཅིག་ཕྱག་ནན།
288b2 སྲིན་མོའི་ཚུལ།། རལ་པའི་ཐོར་ཚུགས་གསེར་དང་བྱེ་རུས་བརྒྱན།། དུས་བཞིའི་མ་མོ་བཞི་ལ་སུ་ལས་འཆར།། ཞིང་ཆེན་ག་ཡང་གཞི་རྟག་ལྤགས་སྦྲུལ་གྱིས་བརྒྱན།། འཁོར་དུ་མི་བཟད་ནག་མོ་སྟོང་གིས་བསྐོར།། མཐིང་ནག་རྗེས
288b3 ཞོན་འཇིགས་པའི་སུ་མདོག་གསལ།། བྷྲཱུཾ་བྷྱོ། དུར་ཁྲོད་གསང་བ་དབྱིངས་ཀྱི་དཀྱིལ་འཁོར་ནས།། ལྷ་མོ་ཆེན་མོ་མཐུ་མོ་ཆེ།། དད་པ་དང་ནི་དམ་ཚིག་གིས།། ཚུར་གཤེགས་ཚུར་སྟོན་འཁོར་དང་བཅས།། རྣལ་འབྱོར་དམ་པ
288b4 གདུང་བའི་ཚེ།། མཆི་མཐུལ་ཐུལ་དེ་ཚུར་སྦྲོན།། ཉི་མ་བྱང་ཤར་ཕ་ཀི་ནེ།། ཐག་དང་ཆུ་འཐབས་མར་འདས་ན།། མཚོ་མུ་ལེ་གཏིང་གི་ནང་ཤེད་ནས།། མ་གཅིག་དཔལ་ལྡནར་མ་ཏི།། ནག་མོ་སྟོང་གི་འཁོར་དང་བཅས།
288b5 ཐུགས་དམ་དབང་གིས་སྤྱན་འདྲེན་ན།། གྲུབ་མཆོག་བརྒྱ་བཕྱིར་གཤེགས་སུ་གསོལ། སྐྱོན་ཚེ་དཔལ་ཆེན་ཧེ་རུ་ཀའི།། སྤྱན་སྔར་ཇི་ལྟར་དམ་བཅས་པ། མ་ཆུ་རྩེ་ཡི་སྒོ་འགྲམ་དུ།། ལས་བླངས་དམ་བཅས་བདག
288b6 བསྐུལ་གྱིས།། དམ་ཚིག་བཞིན་དུ་གཤེགས་སུ་གསོལ།། ཨོཾ་ནག་མོ་ཏིང་ལམ་མདུན་བྷྱོ་ཛཿཧཱུ~ཾ་ཧོཿ།། ནག་མོདུན་བྷྱོ། དཔལ་ལྷ་མོ་གོ།། སྲོག་རྒྱལ་བུའི་རྒྱུད་ལས། སྲུ་བགྱེད་པ་སྤྱན་དྲང་བའི་ལེའུ་སྟེ་བཅུ་གཅིག
288b7 པ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས། ལྷ་མོ་ནག་མོ་ལ་ཕྱག་འཚལ་ཞིང་བརྟན་པར་བཁྲུགས་པ་འདི་གསུངས་སོ།། མི་མངོན་མཁའ་དབྱིངས་དག་པ་ནས།། ཡང་དག་སུ་གཅིག་བྱུང་བ་ནི། སྲུག
iiif viewer powered by OpenSeadragon
288a - 289a