| | e-texts navigator
|
285b1 བཞི་པའི་ལྔ་པ་ལ།། དང་པོའི་ནི་གསུམ་བསྒྱུར།། ལྔ་པ་ལི་ནཱི་ཝ་པ་ལ།། དབྱངས་ཡིའུ་བཅུགསུ་མ་ཁྱེན་གྱིས་མཛེས།། བདུན་པ་ཡི་ནི་བཞི་པ་ལ།། དྲུག་པ་ཡི་ནི་གསུམ་སྦྱང་གཉིས།། བརྒྱན་པའི་བཞི་པའི་འོག་མ་ལ།། དབླངས་ཡིག་ས་ཡ་\ུ0f7f་པ
285b2 བརྒྱན།། ལྔ་པའི་ལྔ་དང་བདུན་པའི་བཞི།། དྲུག་པའི་བཞི་ལ་སོ་སོར་གཞག། ཆོ་ཆོ་ཞེས་ནི་རྒུད་པར་བློ།། དེ་འོག་དབྱངས་ཡིག་ལྔ་པ་དང་།། དྲུག་པ་ཡི་ནི་གསུམ་པར་སྦྱར།། དང་པོའི་དང་པོ་དེ་མཐའ་གཞག། དེ་འོག་ལྔ་པའི་ལྔ་པ་དང་།། དག
285b3 གསུམ་པ་སོ་སོར་གཞག། དྲང་པོའི་གཉིས་པ་ལ་ན་གཉིས་དང་།། བདུན་པའི་བཞི་པ་ལ་ན་གཉིས་བརྗོན།། བཞི་པའི་དང་པོ་ལན་གས་མ་གཞག། དྲུག་པའི་གཉིས་པས་དང་པོར་བཅན།། ཐཱམ་དབྱངས་ཡིག་གསུམ་པས་བརྒྱན།། གནས
285b4 གསུམ་པ་ལ།། དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས།། ལན་གཉིས་དག་ཏུ་བརྗོད་པར་བྱ།། དེ་རྗེས་མིང་སྨོས་སྙིང་ལ་བྷྱོ།། འདི་ནི་བརྗོད་པའི་སྙིང་པོ་ཡིས།། འབུམ་ཕྲག་གསུམ་གྱིས་འགྲུབ་པར་འགྱུར།། དྲུག་པ་ཡི་ནི་གསུམ་པ་ལ།།
285b5 དབྱངས་ཡིག་བཅུ་གཅིག་རྒྱན་དང་ལྡན།། དེ་འོག་ལྔ་པའི་ལྔ་པ་གཞག། བཞི་པའི་དང་པོ་དབྱངས་གསུམ་བརྒྱན།། ལྔ་པ་ཡི་ནི་དང་པོ་ལ།། བདུན་པ་ཡི་ནི་དང་པོ་ལ།། གཉིས་པ་ཡི་ནི་དང་པོ་གསུམ།། རིམ་བཞིན་སོ་སོར་གཞག་པ་ནི།། ལད་གཉིས
285b6 དག་ཏུ་བརྗོད་པར་བྱ།། དེ་འོག་ལྔ་པའི་དང་པོ་དང་།། དྲུག་པ་བཞི་པ་སོ་སོར་གཞག། གཉིས་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་གཉིས་པའི་རྒྱན་གྱིས་མཛེས།། ལན་གཉིས་དག་ཏུ་བརྗོད་པར་བྱ།། བཞི་པ་ཡི་ནི་གསུམ་པ་ལ།། དབྱིངས་ཡིག་ལྔ་པའི
285b7 རྒྱན་ལྡན་ཞིང་།། བཞི་པའི་ལྔ་པདེ་རུ་སྦྱར།། དེ་ཉིད་ལན་གཉིས་བརྗོད་པར་བྱ།། དྲུག་པ་ཡི་ནི་གསུམ་པ་དང་།། དང་པོ་ཡི་ནི་གསུམ་པར་སྦྱར།། དེ་འོག། བདུན་པའི་དང་པོ་གཞག། དེ་དག་ལན་གཉིས་བརྗོད་པར་བྱ།། དེ་འོག་ལྔ་པའི་ལྔ་བ་ལ།། དབྱངས
iiif viewer powered by OpenSeadragon
285a - 286a