| | e-texts navigator
|
25a1 གཅིག་ཕུར་བུ་ལའོ།། གདུག་བྱེད་ཕུར་བུ་ཞག་གདབ།། བསད་པ་ལས་ཀྱི་སྦྱ་བ་བྱ།། རད་མ་མོ་ཉིད་ཡི་ན་ཏེ།། ནང་རུབ་ཏིན་གྲང་མཚན་ཀྲུང་ངུ།། མཆོད་བསྙེན་སྲེག་ཞལ་དུ་འབུལ།། སྟེང་ག་ར་ད་ར་ནག་གུར་གཅིག་དབུག
25a2 ཀལ་ཏེ་ནི་མེད་གྱུར་ན།། སྲིན་པོའི་ས་ལ་རོ་གཟུགས་བྱ།། གོང་བཞིན་དཀྱིལ་འཁོར་རྒྱས་པར་བྲི།། རོ་དོ་མ་ཡིས་མཐོང་མི་རུང་།། མཐོང་ན་དམ་ཚིག་ཉམས་པ་སྟེ།། རྣལ་འབྱོར་བདག་ལ་བར་ཆད་འབྲང་།། མིས་མ་མཐོང་ན་དངོས་གྲུབ་སྲིར།། ན་པ
25a3 རྣམ་བཞིའི་དངོས་གྲུབ་ཐོབ།། ཅེས་གསུངས་སོ།། ཟ་བྱེད་སྤང་རྒྱལ་ནག་མོའི་རྒྱུད་ལས་མན་ངག་གསང་བའི་དཀྱིལ་འཁོར་སྲོག་གི་བསྒྲུབ་པའི་སྐབས་ཏེ་བཅུ་དགུ་པའོ།། ། བདེ་བྱེད་ལྷ་མོས་ཡང་གསོལ་བ།། དཔལ་ལྡན་རང་བྱུང་རྒྱལ་མཚ
25a4 དེ་ཡི་གསང་སྔགས་ཇི་ལྟར་ལེགས།། བདག་འདུད་ཁྱོད་ཀྱིས་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། རང་བྱང་རྒྱལ་མོས་བཀའ་སྩལ་པ།། གསང་སྔགས་དགོས་པའི་རྩ་བ་རྣམས།། ངེས་པར་བཤད་ཀྱི་ཡང་དག་ཉོན།། རྦག་རཀྵ་ཥ་མུན
25a5 ཏྲ། མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རག་མོ་ཏེ་ཀུ་མ་ཛྙི་དྷྲྀ་ཁ་ལ་བྷྱོ། རུ་ལུ་རུ་ལུ་མ་ཧིད་བྷྱོ། རྩ་བ་རྒྱན་གྱི་སྙིང་པོ་ཡིན།། ཏྲག་ཏྲག་གུར་ལན་གུར་ལ་ན། སེར་སེར་དུག་དུག་ཆ་རུན་ཤག། བལ་མོ་ཤ་མ། མུ་ཀ་ཡེ་ཨ་པ་ཡེ། ཀ་པ་ཡེ། ནམ་མཁའ་ཁམས་ཀྱི་སྒྲ་དྲག་པོ
25a6 ནུས་པའི་མབུ་ལྡན་དབང་བསྐུར་སྔགས།། ཛཿཧཱུ~ཾ་བ~ཾ་ཧོཿ། མ་མཁད་ག་ཤ་མ་མ་ཁྭ་དག་ཤ་ཛ་ཧཱུ~ཾ་ཧཱུ~ཾ་ཧྲིང་ཧྲིང་། དེ་ནི་མ་མོ་སྤྱན་དྲང་སྔགས། མ་མ་ཏྲ་ག་རཀྵ་ས་མ་ལ་ཏིཥྛ་གྷན། དེ་ནི་བཞུགས་སུ་གསོལ་བའི་སྔགས། ཏྲ་ག་རཱཀྵ་ཨེ་ཀཛྷ་ཏི་འཛིན་མོ།། དྲ་ཀ
25a7 པ་ན་མོ།། དེ་ནི་ཕྱག་བཅོལ་པའི་སྔགས་སོ།། མ་མཛག་ར་ནར་ཨེ་ཀ་ཛ་ཏི། ཨི་དམ་པ་འི་ཧྲཱིཙྱཻ་ཧོ། དྀ་ཀྵ་ཧི། དེ་ནི་གཏོར་མ་དབུལ་བའི་སྔགས་སོ།། ཏྲ་གར་ཀཱ་མ་མ་ཏིཥྛ་ས་མ་ཡ། དམ་འདའ་བའི་སྔགས་སོ།། ལས་ཡེ་དྲག་པོའི་སྔགས་འདིས་བཏང་།
iiif viewer powered by OpenSeadragon
24b - 25b