| | e-texts navigator
|
23b1 སྒྲོལ་གིང་ཉིད་ལྔ་སྟེ།། གཏད་པ་ཞང་བཀྲུལའོ།། ཞེས་གསུངསས།། ཟ་བྱེད་སྲུང་རྒྱལ་ནག་མོའི་རྒྱུད་ལས་པ་འཁོར་ལོ་ལ་བརྟེན་ཏེ་བསླབ་པའི་སྐབས་ཏེ་བཏུ་དྲུག་པ་ལ།། མོ་སྒྲུབ་འཁོར་བའི་ཐག་ལ་བསྒྲུབ་པ་ནི།། མ་མོ་རང་བཞིན་འད་ཆགས
23b2 རྗེ།། ཁྲག་གི་རང་བཞིན་ཆགས་པའི་རྒྱུ།། ཆགས་པའི་འབྲས་བུ་ཐག་ཏུ་སྦྱིན།། དེ་ཕྱིར་ལྡག་ལ་བརྟེན་ཏེ་བསྒྲུབ།། དང་བ་བསྒྲུབ་མོ་ཁྲག་གིས་མཆོད།། བསད་པའི་མཚན་ཆ་ཁྲག་གིས་བྱ།། ཁྲག་ལ་དྲུག་གི་གྲོགས་དང་མྱུར།། དྲག་ཞག་ནད་ཀྱི་སུ
23b3 ཡིན་པས།། གསོད་ཚེ་དྲུག་ཁྲག་སྐྱེ་བར་བྱ།། ཁྲག་ལ་རྣམ་པ་གཉིས་ཡོད་སྟེ།། ཤི་བའི་ཁྲག་དང་གསོན་པོའི་ཁྲག། གསོན་པོའི་ཁྲག་གིས་བསླབ་ཅིང་མཆོད།། ཤི་བའི་ཐག་གིས་གསད་པར་བྱ།། དྲག་དང་ཁྲག་གཉིས་དྲག་པོའི་རྫས།། ཁྲག་འཕྲེང
23b4 དུག་ལ་གནན་པ་བྱ།། ཞེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས་མོ་འཁོར་བའི་ཁྲག་ལ་བརྟེན་ཏེ་བསྲུབ་པའི་སྐབས་ཏེ་བཅུ་བདུན་པའོ།། ། དྲག་སྔགས་ཡུངས་ཀར་ལ་བརྟེན་བསླབ་བྱ་བ།། ཡུངས་ཀར་སྔགས་ཀྱི་མཚན་ཡིན་ཏེ།
23b5 དྲག་པོའི་རྫས་སུ་རབ་ཏུ་བསྔགས།། ཡུངས་ཀར་རྒྱལ་པོ་དག་ལའང་།། གོང་དུ་བསྙེན་པ་རྫོགས་བྱས་ཏེ།། མཚན་མ་དྲོད་ལ་གེབས་པ་དང་།། དམིགས་བྱའི་ལིངྒ་ཉིད་ལའོ།། ཏྲིག་ཏྲིག། སེ་ར་སེར། ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ། ཙ་ཧ་ཙཏ། མུ་ཏ་ཛྭ་ལ་ཁ་ཧ།
23b6 ཙུག་ར་ལྡིང་། མུ་ལུ་མཱུ་རྦ། ཕྱོགས་ལྡིང་ལྡང་། བུ་ཆག་ཕྱག། མི་ཧ་ཧེ། བ་ཤལ་བ་ཤུལ། མུ་དྲུ་པ་ནེ་ཙེག་ཙག། ཙིག་ཙིག། མུ་སྠཱམ་ཏི། ཧེ་ལེ་ཧེ་ཏེ། སཱ་ཪྴ་ཙིས་ཙི། མྱོག་མྱོག། ཟླུམ་བུམ། དཀར་ལྡན་མེ་ཧེ། ཧི་ཀུ་ལུ་ཙེ་ཨེ་ཕཊ་ནི། དགའ་བའི་མཆོག་ཆེན་པོའོ།།
23b7 ཙིང་ལླིང་མུ་ཀ་ཡེ་ཀ་དཀོད་མི་ཧེ། མྱ་མྱ། མི་མི་ཙེ་ཀུ། ཧཱུ་ཧཱུ་ཙི་ལྡིང་། མུ་ད་ཡ་ཙིང་ལྡིང་། ཁུ་ཅོག་ནེ། ཙ་ཏ་མེ་མུ་ཀ་ཡེ། ཏིང་མ་ལོང་རྩ་ཀ་ཡེ། སྐར་མི་ཏིང་ཏིང་ཕྲག་ཕྲག། བྲི་བ་བྲིབ་རྩིང་ལེ་སྟེང་། མི་ལོ་ཀ་ཡང་ཤིང་པི་མྱོངས་སྟ་རི། ཞེས་གོང་དུ་བསྙེན་པ་རྫོགས
iiif viewer powered by OpenSeadragon
23a - 24a