| | e-texts navigator
|
233b1 བ་བདག་པ་རྡོལ།། གསང་དབང་ཆེན་པོ་བདག་ལ་ཛྭལ།། ཀྱི་དབང་ཆེན་པ་བདག་ལ་ཚུལ།། དེ་སྐ་ཞུས་པ་གསན་ནས་ཅས་རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་བ།། བྱི་ནང་གསང་བའི་དབང་རྣམས་ནི།། ང་ཡེ་ཐུགས་ཀྱི་ཅུང
233b2 གནས།། ང་ཡི་ཐུགས་ཀྱི་གསང་རྒྱུད་འདི།། གཏིང་ནས་བཟུང་ནས་ཁྱོད་ལ་གཏད།། ཁྱོད་ཀྱིས་སེམས་ལ་བརྣག་པར་གྱིས།། ལྕང་ལོར་ལྡན་པའི་དྷནྟ་འདི།། ང་ཡི་ལག་ཏུ་གཟུང་ནས་ནི།། སྣོད་ལྡན་ཁྱོད་ལ་དབང་བསྐུར་རོ།། བྷདྡྷ་མཛེས
233b3 པའི་དཀྱིལ་འཁོར་དུ།། བདེ་ཆེན་གསང་བའི་དབང་བསྐུར་བ།། ལྟག་སྤྲོད་ཟུར་གསུམ་བདེ་ཆེན་འདིས།། མ་མོ་ཐམས་ཅད་བསྒྲུབ་བྱའི་ཕྱིར།། བདུད་རྣམས་ཟིལ་གྱིས་གནོན་པ་དང་།། རྐྱེན་བདུད་དབང་དུ་བསྒྲེ་བའི་ཕྱིར།། སྒྲོལ་བྱེད་ཆེན་མོའི
233b4 དབང་ཐོབ་ཤོག། དུང་ཆེན་དག་གིས་དབང་བསྐུར་བས།། སྣང་སྲིད་ཐམས་ཅད་བསྒྲགས་པ་བཞིན།། དེང་གི་ཡོན་བདག་བུ་ཁྱོད་ཀྱང་།། ཆོས་ཀྱི་དབྱིངས་ཀྱི་སྒྲ་སྒྲོགས་ཤིང་།། མ་མོ་སྒྲུབ་པའི་དབང་ཐོབ་ཤོག། ཞིང་ཆེན་དག་གིས་དབང་བསླར
233b5 བས།། ཞིང་གི་ཁྱད་པར་བྲེས་པ་བཞིན།། བདུད་བཞི་གཡབ་ཀྱིས་བོར་ནས་ནི།། ཧཱུཾ་གི་མེ་ཆེན་འབར་བ་ཡིས།། བདུད་བགེགས་ཞི་བར་བསྲེག་པ་བཞིན།། འབར་བྱེད་ཆེན་མོའི་དབང་ཐོབ་ཤོག། རྔ་ཆེན་དག་གིས་དབང་བསྒྱུར་བས།། ཛ་ཡ
233b6 གསང་བ་ཡུམ་གྱི་དང་།། ཤེས་རབ་ཐབས་ཀྱིས་སྒྲ་སྒྲོགས་པ།། ཐབས་ཀྱི་ཕྱག་རྒྱ་བསྐྱེད་ནས་ནི།། རྔ་ཡི་བྱེ་བྲག་འདི་ལས་བྱུང་།། གསང་བ་རྔ་ཡི་དབང་ཐོབ་ཤོག། ཞིང་མཆོག་དག་གིས་དབང་བསྐུར་བས།། ཐོར་ཏོ་རྒྱ་མདུད་ཁྲོ་བོ་བརྒྱད།། ཐུགས
233b7 ཀྱི་སྤྲུལ་པའི་དགྲ་ཡང་འགྱེད།། སྲེད་པའི་རྒྱ་མདུང་གྲ་བརྒྱད་ལ།། གསང་བའི་མ་མོ་བརྒྱད་ཕྱུང་སྟེ།། ཐུགས་ཀྱི་འོད་ཟེར་ཕྱོགས་བཅུར་འགྱེད།། རྩེ་མོ་དག་གིས་ཟུར་གསུམ་པས།། སྲེད་པའི་མ་མོ་དབང་དུ་སྡུད།། ཁམས་གསུམ་ཐམས་ཅད་དབང་དུ
iiif viewer powered by OpenSeadragon
233a - 234a