e-texts navigator
Collection
Volume
Page
Wylie

233a1 གདུང་མ་ཆུང་།། དགྲ་བླར་བཀྱེ་ན་མཐུ་མ་ཆུང་།། གཟུངས་མ་རབགྱི་ན་བརྩམ་ཆུང་།། དགའ་མར་བགྱིས་ན་གདུང་མ་ཆུང་།། གྲོགས་མོར་བསྟིན་གཞུང་མ་ངན།། ཕོ་ཉར་བགྱིས་ན་པད་མ་ཐལ།། བདག་ཅག་སེམས
233a2 ཅན་ལས་བྲིས་མནར་བ་ལས།། རེ་ལྟོས་དཔུང་གཉེན་ཁྱོད་ལས་མི་བཞུགས་ན།། ཁྱོད་ལ་ཐུགས་རྗེ་མི་མངའ་འམ།། བདག་ལ་གཡར་དམ་མ་མཆིས་སམ།། ཕྱོགས་བཅུའི་འཇིག་རྟེན་རབའངས་ན།། རྣལ་འབྱོར་ཆེས་སུ་སློབ་པ་མང་ཡོད་ཀྱང་།། ཅེག
233a3 སྒྲུབ་པའི་མིང་པོ་བདག་ཙམ་དཀོན།། མ་གཡེལ་མ་གཡེལ་སྲུང་མ་འཆགས།། གཡེལ་དུ་དོགས་ནས་རྫས་ལ་བརྟེན།། འདས་སུ་དོགས་ནས་འཛབ་དུ་འདྲེན།། ཇི་ལྟར་དངོས་གྲུབ་གཉེན་པོ་རུ།། དམར་ཀྱི་ཨརྒྷ་རྒྱ་མཚོར་བསྐྱིལ།། ཙིཏྟ་མང
233a4 ཇི་ལྟར་ལྷགས།། མཱཾ་ས་ཤ་ཆེན་ཕུང་པོར་སྤུངས།། ཇི་ལྟར་གསང་ཆེན་གཉེན་པོ་རུ།། རྫས་ཀྱི་མཆོད་པ་གཉེན་བཀྲམ་ཞིག། དམར་ཆེན་དམལ་གསོལ་བ་ཡི།། དེ་ཚེ་ཁས་བླངས་དམ་བཅས་བཞིན།། བཅོལ་བའི་ལས་རྣམས་འགྲུབ་པར་མཛོད
233a5 བུད་མེད་བུ་ལྟར་དང་མཐུང་།། དྭ་ཕྲུག་སྲོང་ལྟར་ཤེད་མ་ཆུང་།། དུས་ལ་བབ་བོ་ས་མ་ཡཱ།། མ་མ་དྷྱ་དྷོ། མ་མོ་སྤྱི་བསྔལ་གྱི་ལེའུ་སྟེ་ཉེར་བརྐྱང་བའོ།། ། གཞུང་དྲུང་ལྷ་ཡིས་ཡང་གསོལ་པ།། མ་མ་གསང་ཆེན་དཀྱིལ་འཁོར
233a6 ལས།། སྒྲུབ་པའི་རྫས་ཀྱི་དབང་བསྐུར་བ།། བདག་གིས་ནན་ཏན་ཇི་ལྟར་བསྐྱེད།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། རྫོགས་སངས་རྒྱས་ཀྱིས་བཀའ་སྩལ་པ།། བོན་ཅིག་གཡུད་དྲུང་ཡ
233a7 དག་པ།། བསྒྲུབ་པའི་ལས་ཀྱི་དབང་རྣམས་ནི།། ངས་གསུངས་པ་ལ་ཐེ་ཚོམ་མེད།། ངས་གསུང་བ་ལནན་ཏན་བསྐྱེད།། ཞེས་བཀའ་སྩལ་པ་དང་། གཟུང་དྲུང་ལྷ་ཡིས་ཡང་གསོལ་པ།། རྩེ་དབང་ཆན་པ་བདག་ལ་།། ནང་དབང




iiif viewer powered by OpenSeadragon

232b - 233b

Texts on this page

Gdg023.11 - rgyud lung byang skor rtsa rgyud