| | e-texts navigator
|
22b1 ལ་བསྲེལ་བར་བྱ།། རུདར་དམར་ནག་ལེ་བརྒན་གྲུར།། རྨ་བྱའི་རྒྱལ་མཚན་མཐིང་ནག་གུར། སྟེལ་མོའི་གཡང་གཞི་སྡེལ་མོའི་མགོ།། ནལ་བུའི་རྒྱལ་མཚན་ཤ་ཁྲག་སྙིང་།། སྡེ་བླུགས་ཞྭ་དང་རྔ་གླིང་དུང་།། ཙི་\ུ0f7fའི་རྒྱལ་མཚན་ལུག་ནག་གསེཔ།། ལྕགས
22b2 སློད་རྔ་དང་ཕྲེང་ཆེན་རྣམས།། མ་མོ་བརྟེན་པའི་རྫས་སུ་བཤད།། བསྐང་རྫས་འབྲས་བུ་སྣ་ཚོགས་དང་།། བྱ་ནག་ལུག་ནག་ཁྱི་རོག་མོ།། འབྲི་རོག་མོ་ལ་སོགས་པས་བསྐང་།། མི་ཁྱི་རྟ་ཡི་བམ་གྱིས་བསྐོར།། མདོས་ལ་སོགས་པའང་དེ་བཞིན
22b3 དེ་ལྟར་ཟས་རྣམས་ཚོགས་པ་དང་།། མ་མོ་གཉིས་སུ་མེད་པར་འགྱུར།། ཞེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས་རྫས་ལ་བརྟེན་ཏེ་བསླབ་པའི་སྐབས་ཏེ་བཅུ་བཞི་པའོ།། ། དེ་ནས་ཕྲིན་ལས་གཞུང་བསྲང་བ།། བྲག་དཔར
22b4 ཆོལ་ཟངས་འདྲ་བའམ།། མཚོ་གླིང་དུར་ཁྲོད་དག་ཏུ་བསྒྲུབ།། ཟླ་བ་མར་གྱི་ཉི་ཤུ་གཉིས།། གཟའ་མཆོག་སྒྲ་གཅན་འཛིན་ལ་གཏད།། བསྒྲུབ་བྱ་ཤེས་ལྡན་དབང་རྫོགས་པས།། དཀྱིལ་འཁོར་ནི་རྒྱས་དབང་དྲག་བཞི།། དབུས་སུ་མཚལ་གྱིས་དྲག་ཟས
22b5 ལ།། རྦ་དཀར་ཚིགས་གསུམ་གཟུག་པར་བྱ།། སྦྱིར་པ་མགོ་ལིང་ཡལ་ག་ལྔ།། དེ་བཞིན་མཁར་བའི་རྩ་རུ་གཟུག། སྣརེལ་མོའི་ཐོད་པ་དུམ་ལྔའི་ནང་།། རྟེན་རྫས་ཤེས་རབ་མཚལ་ཆེན་དང་།། ཨ་མྲྀ་ཏ་དང་ཆང་ཕུང་སོགས།། སྤྱན
22b6 གཟིགས་གཏོར་མ་དེ་བཞིན་ཏེ།། རྒྱབ་ནི་འཇམ་དཔལ་ཕུར་ལ་བརྟེན།། ཡང་ན་ཆེ་མཆོག་དེ་བཞིན་ནོ།། ཏིང་འཛིན་རྣམ་གསུམ་གསལ་བསྒོམ་ལ།། དབང་ཆེན་གཞལ་ཡས་གདན་བཅས་བསྒོམ།། བསྐྱེད་པ་རྐྱེན་གྱི་སྔགས་བརྗོད་དེ།། དབུས
22b7 ཀྱེ་ཤིང་དང་པ་མི་དད།། སྲུ་ལ་དབང་བསྐུར་དུག་གིས་མ་པྲ་བྱིན་བསྐྱེད།། ཕྲིན་ལས་རྫོགས་ནས་རྟག་པར་རྒྱན་སྔགས་བཟླས།། བར་དུ་རྦད་ཅིང་ཐ་མར་བསད་སྔགས་བཟླས།། བརྡེག་པའི་སྔགས་བཟླས་སྙིང་ཐུན་དབབ་པར་བྱ།། གཏོར་མ་གཏང་ཞིང
iiif viewer powered by OpenSeadragon
22a - 23a