| | e-texts navigator
|
21b1 མོས་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ལས་སུ་བྱ་བའི་བྱེ་བྲག་རྣམས།། ངེས་པར་བཤད་ཀྱི་ཚུལ་བཞིན་ཉོན།། མངོན་དུ་སྒྲུབ་ཐབས་རྣམ་པ་གསུམ།། རབ་ཀྱིས་ཏིང་འཛིན་བརྟེན་ནས་བསླབ།། འབྲང
21b2 གིས་སྔགས་ལ་བརྟེན་ཏེ་བསྒྲུབ།། ཐ་མས་རྫས་ལ་བརྟེན་ཏེ་བསྒྲུབ།། རབ་ཀྱིས་ཏིང་འཛིན་སྒྲུབ་ཐབས་ནི།། དཀྱིལ་འཁོར་གཞལ་ཡས་གསལ་བ་ལ།། དམིགས་པ་བསྐྱེད་ལ་ནན་ཏན་བྱ།། དམག་པ་གསལ་བར་གྱུར་པ་དང་།། ཏིང་འཛིན་བརྟན་པོར་གྱུར་པ་ཡིས།། མམ
21b3 ལས་སུ་རུང་བ་དང་།། རྣལ་འབྱོར་ལུས་དང་གྲིབ་བཞིན་འགྱུར།། དམིགས་པ་གསལ་བར་མ་གྱུར་ཅིང་།། ལྷ་མོ་ལས་སུ་མ་རུང་ན།། ནམ་ཀྱང་བཀོལ་དུ་མི་བཏུབ་སྟེ།། དབེན་པ་ཆེན་པོའི་ས་ཕྱོགས་སམ།། དུར་ཁྲོད་མ་མོ་ཆགས་ས་རུ།། བདག་ལས་མ་ཡིན་གཞན
21b4 མི་བསྙེན།། འདུ་འཛི་སྤངས་ལ་བདེ་གནས་བཤམས།། མཎྜལ་ཆག་ཆག་ལེགས་བཏབ་ལ།། དར་དཀར་རས་ལ་མ་མོ་ཉིད།། འབྲི་མཁན་དམ་ཚིག་ཅན་གྱིས་བྲི།། མདོག་ནག་ཞབས་བགྲད་མཆེ་གཙིགས་པ།། སྤྱན་བཟློག་རལ་པ་ཐུར་དུ་གསིག
21b5 མཐིང་གའི་རལ་པ་ཆག་གང་པ།། འོད་འབར་གྱེན་དུ་བསྒྲེང་བའོ།། གཡས་པ་བམ་ཆེན་ཙིཏྟ་ལ།། གཡོན་པ་སྤྱང་མོ་ཕྲ་ཐབས་ཐོགས།། སྐྲ་དང་རལ་པའི་གསེབ་ནས་ཀྱང་།། སྐྱང་མོ་མར་པོ་འཕྲོ་བ་བྲི།། གཡས་སུ་སྤོལ་བའི་གིང་ཆེན་བྲི།། གཡོན་དུ
21b6 སྦྱོར་བའི་གིང་ཆེན་བྲི།། ཁ་དོག་གཟུགས་མདངས་མཛེས་པར་དྲི།། དེ་ལྟར་བྲིས་པའི་མ་མོ་དེ།། མཎྜལ་དབུས་སུ་དེ་བཞག་ལ།། དམིགས་པ་བསྐྱེད་ལ་ནན་ཏན་བྱ།། རེས་བྱིང་རེས་གསལ་ཅུང་ཟད་ཙམ།། མང་དུ་བྱུང་བས་ནན་ཏན་བྱ།། དེ་ལྟར་བྱུང་སྟེ
21b7 མངོན་གསལ་ན།། རང་གི་སེམས་ཉིད་ཡིན་པར་བལྟ།། ལོའམ་ཟླ་བའི་བར་དུ་བྱ།། དེ་ལྟར་ཡིན་པར་ཤེས་རྟོགས་ན།། ཕྲིན་ལས་རྣམ་བཞི་ཅི་དགར་སྤྱད།། ཞི་རྒྱས་གཉིས་ཀྱིས་གསོ་བར་བྱ།། དབང་དྲག་གཉིས་ཀྱིས་གསད་པར་བྱ།། གསལ་བ་མངོན
iiif viewer powered by OpenSeadragon
21a - 22a