e-texts navigator
Collection
Volume
Page
Wylie

20b1 ཤེས་རབ་ཏིང་འཛིན་བརྟན་པོས་གསོ།། མ་མོ་མཁའ་འགྲོ་གདུག་གཏུམ་པ།། སྙིང་པོ་བྱང་ཆུབ་སེམས་ཀྱིས་གསོ།། ཞེས་གསུངས་སོ།། ཟ་བྱེད་སྲུང་རྒྱལ་ནག་མོའི་རྒྱུད་ལས་གསོ་བ་བསྟན་པའི་སྐབས་ཏེ་བརྒྱད་པའོ།། ། གསད་པའི་སྦྱོར་བ་བསྟན
20b2 པ་ནི།། དུག་ལྔ་ཡེ་ཤེས་ལྔ་རུ་བསད།། དུག་གསུམ་སྐུ་གསུང་ཐུགས་སུ་བསད།། སྡུག་བསྔལ་བདེ་བ་ཆེན་པོར་བསད།། འཁོར་བ་མྱ་ངན་འདས་པར་བསད།། ཤེས་རབ་མེ་ལྕེ་འབར་བ་ཡིས།། གཟུང་འཛིན་དྲུང་ཆུབ་འཚུབས་པ་བསད།། ཤེ
20b3 རབ་མེ་སྟག་ཆེན་པོ་ཡིས།། རྣམ་རྟོག་གླུ་ཆར་འབབ་པ་བསད།། རྣལ་འབྱོར་རྟོགས་པའི་ཁྱད་པར་གྱིས།། མ་རྟོགས་རྨོངས་པའི་གཏི་མུག་བསད།། ཡེ་ཤེས་ཉི་མ་འོད་གསལ་བས།། གཏི་མུག་མུན་པ་འཐིབས་པ་བསད།། སྣང་སྲིད་ཆོས་རྣམས
20b4 སེམས་སུ་བསད།། མ་མོ་མཁའ་འགྲོའི་དབྱིངས་སུ་བསད།། ཤི་བ་མེད་པས་ཡེ་བསད་ཡིན།། སེམས་ཅན་ཐམས་ཅད་སེམས་སུ་བསད།། རྟོགས་པ་མངོན་དུ་གྱུར་པ་ན།། ཏིང་འཛིན་ལས་སུ་རུང་བ་ན།། སྣང་སྲིད་ཐམས་ཅད་གསད་པར་བྱ།། གསང
20b5 དུ་མེད་དེ་ཡེ་བསད་ཡིན།། ཞེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་ཆུད་ལས་བསད་པ་བསྟན་པའི་སྐབས་ཏེ་དགུ་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། གསོགསད་གཉིས་ཀྱི་བདག་མོ་ན།། ཉི
20b6 ཀྱི་དབབ་བཅད་ཇི་ལྟར་ལགས།། གསོགསད་བདག་མོས་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ། འཁོར་བའི་ལུང་རོང་སྐམ་པོ་རུ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དབབ།། རྣམ་རྟོག་མེ་ཆེན་འབར
20b7 བལ།། ཡེ་ཤེས་ཆེན་པོའི་ཆུ་བོ་དབབ།། དུག་ལྔའི་འབྲས་བུ་སྨིན་པ་ལ།། ཡེ་ཤེས་ལྔ་ཡི་སེར་བ་དབབ།། དུག་གསུམ་ལོ་མ་རྒྱས་པ་ལ།། སྐུ་གསུང་ཐུགས་ཀྱི་ཐོག་ཆེན་དབབ།། གཟུང་འཛིན་དྲུང་ཚུབ་ལྡང་བ་ལ།། ཏིང་འཛིན་བརྟན་པོའི་ཐིབས




iiif viewer powered by OpenSeadragon

20a - 21a

Texts on this page

Gdg023.3 - ma mo e ka dza ti za byed spyang rgyal nag po'i rgyud