| | e-texts navigator
|
19b1 དེ་ཡང་མ་མོའི་སྒོམ་པ་ཡིན།། མ་མོ་སེམས་དང་གཉིས་མེད་ན།། བསྒོམ་དུ་མེད་པ་སྒོམ་པའི་མཆོག། ཅེས་གསུངས་སོ།། ཟ་བྱེད་སྤང་རྒྱལ་ནག་མོའི་གུད་ལས་སྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ།། ། དེ་ནས་སྒྲུབ་པ་བསྟན་པ་ནི།། སྣང་ཞིང་སྲིད
19b2 འི་ཆོས་རྣམས་ཀུན།། ཐམས་ཅད་མ་མོར་བསྲུབ་པར་བྱ།། མ་མ་རང་བྱུང་སེམས་སྒྲ་བསྐྱབ།། སེམས་ཉིད་ཡེ་བསྒྲུབས་ཆེན་པ་ཡིན།། སྐང་མེད་ཀུན་ཏུ་སྣང་བའི་གདོས་པ་ཅན།། ཟླབ་མེད་ཅིང་མཚན་ཉིད་ཅི་དགར་འགྱུར།། ནོར་བུ་རིན་ཆེན་ལྟ་བུའི་སེམས་ཀྱིད་།
19b3 མ་མོ་མཁའ་འགྲོ་སེམས་ཅན་རྣམས་ཀྱི་དངོས།། དེ་ཉིད་མ་ཡེངས་མ་མོའི་སྒྲུབ་པ་ཡིན།། ཞེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས་གྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ
19b4 ནཱཾ།། བླམ་སྲུབ་གཉིས་ཀྱི་བདག་མོན།། ཉིད་ཀྱི་སྦྱོང་སྒོ་པའི་གར་ལགས། སྒོམ་སྨྲབ་བདག་མས་བཤད་དུ་གསོལ།། དེ་སྐད་གསོལ་པགས་ན་ནས་ཅང།། ད་བྱུང་རྒྱ་སེམས་བཀའ་སྩལ་པ།། བདག་ཤིགས་ཐུགས་ཀྱི་ཡེ་ཤེས་ལ། གི་མོ
19b5 ཁྲོ་ཡིས་སྦྱོར།། ཐམས་ཅད་ཆོས་ཀྱིས་ཆོས་ཉིད་ལ།། སེམས་ཀྱིས་སེམས་ཉིད་གཉིས་མེད་སྦྱོར།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར།། དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར།། སངས་རྒྱས་སེམས་ཅན་གཉིས་མེད་སྒོར།། འཁོར་བ་ཀྱང་འདས་གཉིས་མེད
19b6 སྦྱོར།། ཕྱི་ནང་སྣོད་བཅུད་གཉིས་མེད་སྦྱོར།། ཡུལ་དང་དབང་པོ་གཉིས་མེད་སྦྱོར།། སྣང་སྲིད་ཐམས་ཅད་མ་མོར་སྦྱོར།། མ་མོའི་སྙིང་པོ་སེམས་སུ་སྦྱོར།། སེམས་ཉིད་ཡེ་སྦྱོང་ཆེན་པོ་ཡིན།། དེ་ལྟར་གཉིས་མེད་སྦྱོར་བ་ན།། དེ་ནི་མ་མོའི་སྦྱོར་བ་ཡིན།།
19b7 ཞེས་གསུངས་སོ།། བབྱེད་བྱང་རྒྱལ་ནག་མོའི་རྒྱུད་ལས་སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པ་།། ། དེ་ནས་སློབ་པ་བསྟན་པ་ནི།། ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས།། སེམས་ཉིད་ཡི་སངས་རྒྱས་པས་ཁམས་གསུམ་ལོ་རྗེས་སྒྲོལ
iiif viewer powered by OpenSeadragon
19a - 20a