| | e-texts navigator
|
18a1 གསོལ་པས། དེའི་དུས་དེའི་ཚེ། དཔལ་ལྡན་རང་བྱུང་གི་རྒྱལ་མོད་ཡང་། སྲུ་མདོག་མཐིང་ནགའབར་བ། མཆེ་བ་གཙིགས་པ། རལ་པས་ས་གཞི་ཁེབས་པ་ལ་སྤྲོ་བོའི་གཙུག་ན་ག་ཡུའི་རལ་བ་མཐིང་གའོད་དུ་འབ་རང་གཅིག་གནས་པ།
18a2 ཞབས་གྱད་ཀྱི་དོར་ཐབས་སུ་བཞུགས་པ། གཡས་ནབ་མཆེན་གྱི་རྩེཿ་སྲོག་བརྩ་དང་བཅས་ནས་བཟུང་བ། གཡོན་པ་ན་གསུའི་སྦྲང་མོ་ཞེ་ནས་བཟུང་ནས་ཕྲ་ཐབས་སུ་བསྣམས་པ། ཏིར་རོའི་གདན་ལ་ཏྲག་རཀྐ་ཞེས་བྱ་བའི་སྒྲ་བརྗོད་ནས། ཉིད་ཀྱི་ལས་སྤྲུལ་པའི་མ་མོད་ཀྱེ་སྡེ།
18a3 སྤྲུལ་པ་ལས་བལ་མོ་ནག་མོ། གསུང་གི་སྲུས་པ་ལས་མ་མོ་སྲིན་མོའི་ཚོགས་དང་། ཐུགས་ཀྱི་སྤྲུལ་པ་ལས་མ་མོ་མོན་མོའི་ཚོགས་དང་། གཞན་ཡང་ལྷོར་གིང་དང་སྒྲོལ་གིང་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང་། སྲོག་གཅོད་ཀྱི་གིང་ལ་སོགས་པ་དང་བཅས་ཏེ། སྦྲུལ
18a4 པམངོ་བོ་ཉིད་ལས་བརྩེ་བས། སྐང་སྲིད་ཐ་མྲ་ཅ་དུས་གཅིག་ཏུ་གཡོས་པར་གྱུར་ཏེ། ནད་ཀྱི་རླངས་པ་དང་། མཚོན་གྱི་ཆར་པ་དང་། བསྐལ་པ་ཕྲ་མོ་དང་། དུག་དཔལ་ཡམས་ནད་དང་། གནམ་ལྕགས་སེར་བ་ལ་སོགས་པ། དུས་གཅིག་ཏུ་འཁྲུགས་པར་གྱུར་ཏེ། སླར་ཡང་འཁོར
18a5 བདུད་པོ་མོ་དེ་དག་རང་ལ་རྫོགས་པར་གྱུར་ཏོ།། སྣང་སྲིད་ཐམས་ཅད་བདེ་བ་ལ་དུས་གཅིག་ཏུ་བཀོད་དོ།། དུག་དཔལ་དང་ཡམས་ནད་ལ་སོགས་པ་ཐམས་ཅད་བདུད་རྩི་ཆེན་པོར་གྱུར་ཏེ། ཐམས་ཅད་ཐུགས་རྗེ་ཆེན་པོས་བདེ་བ་ལ་བཀོད་དོ།། ཟ་བྱེད་སྤུང་རྒྱལ་ནག་མོའི་ཆུད་ལས་གླེང
18a6 གཞིའི་སྐབས་ཏེ་དང་པོའོ།། ། ལྷ་མོ་བིད་བྱེད་མས་འདི་སྐད་ཅེས་གསོལ་ཏེ།། དཔལ་ལྡན་རདང་བྱུང་རྒྱལ་མོ་ཆེ།། ཟུག་རྗེའི་བྱིན་རླབས་བདག་མོ་ནི།། ཉིད་ཀྱི་ལྷ་སྤྱོད་ཇི་ལྟར་ལགས།། ཐུགས་རྡོའི་བདག་མོས་བཤད་དུ་གསོལ།། ཞེས་གསལ་པས།
18a7 དཔལ་ལྡན་པ་ཟུང་རྒྱལ་མོས་བཀའ་སྩལ་པ། སྟབ་རྣམ་པ་གཉིས་ཡོད་དེ།། གཉིས་པོད་ཡང་གཅིག་གིང་གི།། རང་བཞིན་ལྡན་རྫོགས་ལྟ་བ་དང་།། རྟོགས་པ་མངོན་གྱུར་བ་ལྕི་བ་།། རང་བཞིན་ལྷན་རྫོགས་ལྟ་བ་ནི།། སྣང་སྲིད་འདི་ལྟར་སྣང་བའི་ཆོས།། བྱི་ནང
iiif viewer powered by OpenSeadragon
17b - 18b