| | e-texts navigator
|
183a1 མཚུགས་པའི་ཆིབས་སུ་འཕར་བ་རྐང་གསུམཆིབས།། ངག་ཤ་དབུག་བདག་སྲོག་གཤན་པ་མ།། དངས་པར་ཐགས་ལ་དགྲཔ་ཏྟ་བྱུང་།། རླུང་ནག་འརྒྱབ་མ་འཁྱིམ་པའི་དཀྱིལ་ལ་བ་ནས།། མཁའ་ལ་དྲང་ལྟར་གཏིང
183a2 ཤིང་དབུགས་ལ་བྷྱོ།། ཁྲག་གི་རྦ་ཀློང་འཁྱིལ་བའི་དཀྱིལ་འཁོར་ནས།། རག་མོ་ཁྲག་འཐུང་ཁོང་གི་སྙིང་ལ་ཛྷཻཾ།། དམ་ཉམས་དགྲ་བོ་སྡང་བྱེད་སྙིང་ལ་ཡཱ།། མ་མ་ཏྲག་ཤཱ་ཧཱ་པཱ~ཾ་ཙི་ཡ། མུ་ཏི་ཟད། ཤ་ཏ་མཱ་ར་ཡཱ་སོད་སོད། སྙིང་ཁྲག་ལུས་ཡ་སོད། མས་དུ་སོད
183a3 མཱ་ར་ཡ། ཤཱིག་ཤིག་མ་སྙིང་ཡ་དུ་ཛ་ཛ། མ་དུ་མ་ཤ་མཛ་ཛ་ཅེས་པས་རཀ་ཏ་སྦྲེང་ངོ་།། སྨན་ཕྲན་ཀུན་གྱི་གཙོ་མ་དང་།། མམ་པ་ཤ་བྱ་བ་དང་།། སྲོག་གི་བཤན་པ་ཆེན་མོ་ནི།། སྲུ་མདོག་དམར་ནག་ཆེན་མོ་ལ།། སྟེན་དམར་གཞའ་ཚོན་གོས་མུ་གྱོ།། ཆིབས་སུ་རྡུང
183a4 ནག་འཚུ་བས་མཆི་བས།། རྔམ་པའི་སྐུ་མདོག་ཟ་ཚུལ་བསྟན།། མི་ལྤགས་གཡང་གཞི་གོས་སུ་གོན།། ལག་ན་ཙཏྟའི་ཕྲེང་བ་བགྲང་།། ཁ་དུག་ལྕེ་འབར་བདུད་ཀྱི་བཤན་པ་མོ།། དབུ་དགུ་གསིགས་པས་བསྐལ་པའི་མི་རྟག་འཕྲོ།། ཁ་དགུ་གདངས་ཤིང་ཁམས་གསུམ
183a5 ཟས་སུ་ཟ།། ཞལ་དུ་རྔུབས་པས་སྲིད་གསུམ་སྐོམ་དུ་འཐུང་།། སྤྱན་གསུམ་བཟློག་པས་ཁྲག་གི་རྒྱ་མཚོར་འཁྱིལ།། ཁ་ནས་མེ་འབར་བདུད་བཞི་སྲེག་པར་མཛད།། ཁྲོས་པའི་ཁ་བཞིན་མིག་རྩ་དམར་པོར་སྟོན།། དབུ་དགུ་རལ་པ་ཐུང་ངུ་བསིགས་པ་ཡིས།། གནམ
183a6 ལྗགས་སྲུང་མོའི་ཐོག་དང་སེར་ཆེན་འབེབས།། ཕྱག་ན་སྤུ་བྲི་མཚོན་ཆ་སྣ་ཚོགས་བསྡམས།། དམ་ཉམས་དགྲ་བོ་རྣམས་ཀྱི་སྙིང་ཙཆོད།། ཞལ་ནས་ལྷགླས་པའི་བརྡའ་སྐད་སྲོག་བཅུར་འབྲོད།། ལྷལ་ནག་འཁྲིགས་པའི་ཞགས་པས་བཅིངས་ནས་ཀྱང་།། ངག་ཤ་མདའ་ཐོར།
183a7 སྙིང་གི་དཀྱིལ་དུ་ཀྱོབ།། ཚེ་སྲོག་གཅོད་ཅིང་ཀུན་གྱི་ཕུདང་ཉུལ་མ།། ལྕགས་ཀྱུ་བར་བས་སྙིང་གི་དཀྱིལ་ནས་དྲོངས།། དམ་ལས་མ་འདའ་བཅོལ་བའི་ཕྲིན་ལས་མཛོད།། མི་མགོ་སྟོང་གི་ཟོད་ཕྲེང་བསིགས་ཤིང་སྤྱོན།། འདོད་ཆེན་པོ་ཕྱོགས་བཟུར་འབོད་ཅིང་སྐྱོན།། དང།
iiif viewer powered by OpenSeadragon
182b - 183b