e-texts navigator
Collection
Volume
Page
Wylie

178a1 བཅོམ་ལྡན་ཆེ་མཆོག་ཧེ་རུཀ། མཐིང་ནག་འབང་བའི་ཞལ་མདའ་ཞིང་།། ཕྱག་དྲུག་ཕྱག་ཆས་སྲིད་པ་སྒྲོལ།། ཡུམ་དང་གཉིས་སུ་མེད་པ་སྟེ།། ཐུགས་རྔའི་དབྱིངས་ནས་རོལ་མཛོད་གཤེག། སྲིད་པ་བདེ་འགྲོ་ཁམས་གས
178a2 ཀྱི་ལུས་མཆོག་མ།། གེས་དཀྱིལ་ནས་འཕེལ་འགྲིབ་མཛད།། ཟུར་གསུམ་འཁྲིལ་པས་སྡང་སྲིད་ཟིལ་གྱིས་གནོན།། ཤ་ཁྲག་དམཛེས་འདི་ལ་བརྟན་ཏེ་གཤེགས་སུ་གསོལ།། ཁྲམ་ཁ་སྟོང་གི་དབང་མཆེ།། སུ་མ་དོག་མཐིང་ནག་འབར་བ་ལ།། ཕྲག་ན་མ
178a3 ཆ་འབར་བ་བསྣམས།། ཡ་བདུད་རྒྱལ་པོའི་སྙིང་ཡང་འབྱིན།། དམ་རྫས་བདུད་རྩི་འབར་བ་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ།། ཐེག་ཆེན་ས་གཞི་འདེགས་པའི་དབང་མོ་ཆེ།། སྐུ་མདོག་སེར་ནག་འབར་བ་ལ།། ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས།། གནམ་ས་གཉིས
178a4 པབྷྱོ་བཀློག་མཛད།། ཀླུ་ཆེན་བརྒྱད་ཀྱི་སྙིང་ཡང་འབྱིན།། དམཛེས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ། རྒྱ་མཚོ་གླིང་གི་དབང་མོ་ཆེ།། སྐུ་མདོག་དམར་ནག་འབར་བ་ལ།། ཕྱག་ན་མཚོན་ཆ་འབར་བ་བསྣམས།། ཀླུ་རྣམས་ཀུན་ལ་མངའ་མཛད་མེ།། དམངས་འ
178a5 ལྔ་ཏེ་གཤེགས་སུ་གསོལ།། རི་བ་གླིང་བཞིའི་དབང་མོ་ཆེ།། སྐུ་མདོག་ལྡིང་ནག་འབང་བ་ལ།། ཕྱག་ན་རབ་གླིང་བཞི་བསྣམས།། སྣང་སྲིད་ཀུན་ལ་མངའ་མཛད་མ།། དམརྫས་འདི་ལ་བརྟེན་ཏེ་གཤེགས་སུ་གསོལ།། མམ་བྷྱོ་རུ་ལུ་དུལ། སྟང་ཁ་རག།
178a6 སྙིང་ཁཾ་ང།། མང་གྷ་མ་ར་བྷ། རག་མོ་སྙིང་ཁྲག་མཐུན་ཐུད། ཏྲག་རག་ཤ་སྙིང་ཏེ་ཀེ་མ། མ་མམ་བྷུ་བྷྱོ་རུ་ལུ་རུ་ལུ། སྙིང་ཁ་རག་ས་མ་ཡ་ཛ་ཛ། གྲོ་མ་ཛྭ་ལ། ཀྲོ་མ་ཛྭ་ལ། ཛཿཧཱུ~ཾ་བ་ཧོཿ།། ཞེས་སྤྱན་དྲང་བར་བྱའོ། སྤུན་དྲང་བའི་ལེའུ་སྟེ་བརྒྱ་བཅོ་བརྒྱད་པའོ།།
178a7 དོ་ནི་འཕྱག་འཚལ་ཏེ། གདུག་པའི་ཚོགས་འཇོམས་ཀུན་བཟང་ཧེ་རུ་ཀ། ལྷ་ཡི་ལྷ་ཁྱོད་བདག་ལ་དགོངས་ནས་ཀྱང་།། ཡབ་ཡུམ་ཐབས་དང་ཤེས་རབ་གཉིས་མེད་ལས།། ཡབ་ཡུམ་རྫོགས་པའི་ཡུལ་ཕྱག་འཚལ་ལོ།། དབྱིངས་མ་བཞི་ཡི་ཡུམ




iiif viewer powered by OpenSeadragon

177b - 178b

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud