e-texts navigator
Collection
Volume
Page
Wylie

15b1 གཏན་ལ་ཕབ་པའོ།། ཀུན་གྱི་ཐུན་མོང་མ་ཡིན་ཏེ།། འདི་བསྒྱུར་བསོད་ནམས་ཅན་པས་ནི།། ཕྱི་རབས་བསྟན་བསྲུང་བར་ཤོག། ཡོན་ཏན་རྒྱ་མཆོགར་གནས་པར།། བསྟན་པ་རྒྱ་མ་ཆ་ཚུགས་པར་ཤོག། འགྲོ་བ་ཡོངས་ཀྱིས་ཁར་བར་ཤོག།
15b2 རྒྱག་དུ་སྐད་དུ། ཙིར་མ་ནི་ཤ་པྲ་ཏིཏནྟ། བོད་སྐད་དུ། ཨེ་ཀང་རྗེས་པ་ནག་མོའི་རྒྱུད། དཔལ་ཁྲག་འཐུང་ཀུན་ཏུ་བཟང་བ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། ལུང་ལོ་ཅན་གྱི་བཟང་ནས། ཀུན་ཟང་ལྷའི་རྒྱལ་པོའི་ཕྱོགས་ཀྱི་རིམ
15b3 ལ་ལའི་བྲག་ཕུག་ཏུ། དཔས་ཆེན་པོ་དྲཝ་པ?འི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལས། འཁོར་གྱི་ཨེ་ཀ་ཛ་རྗེ་དང་། རེ་མ་ཏི་དང་། རེ་མནི་དང་། རེ་མཛ་དང་། རེ་མ་ཛཱ་དང་། ནག་མོ་ཚགས་དང་། དམར་མའི་ཚོགས་དང་། ཁྲོག་ཉེན་རླབས་ཅན་མའི་ཚགས་དང་།
15b4 བཅོམ་ལྡན་འདས་དང་ལ་ཁྲག་འཐུང་གི་རྒྱལ་པོ་ལ་དང་མགྱོགས་ཀྱི་ནུ་འཕྲུལ་བསྟན་པས། བཅོམ་ལྡན་འདས་དཔལ་ཆེན་པོས། དབྱེངས་ཕྱག་པཅཝབརྒྱང་དྲུལ་ཏེ། ཟུང་ཁྲོད་ཀྱི་ཆས་བརྒྱད་སྦྲུལ་བཏུན་ནས། བཞལ་བའི་མརི་འབར་བའི་གླིང་ན་བཞུགས་ཏེ།
15b5 སྡིགས་མཛུབ་མེ་འབར་བ་མ་མོའི་ཚགས་ལ་བསྟན་པས། མམོའི་ཚོགས་འདར་ཞིང་བཏུལ་ནས་རྫོགས་ལ་འགྱེལ་ཏོ།། བརྒྱལ་བ་སངས་ནས་སྲོག་གི་སྙིང་པོ་འདི་ཡུལ་ལོ།། མ་མ་ཏྲག་རཀྵ། ཨ་ཙ་ཏི་ཨ་པ་ར་ཙི་ཏ། ཅེས་ཕུལ་ལོ།། དེ་ནས་ཁྲག་འབྱུང་གི་རྒྱལ་པོས
15b6 ནག་མོའི་ཚོགས་ལ། ཡུམ་ཨེ་ཀ་ཛ་ཏེ་དང་། མ་ཆགས་ཐབས་ཀྱི་སྦྱོར་བ་མཛད་ནས། དབང་མོ་དང་ཐོས་མོས་གསང་བའི་དབང་བསྐུར་ཏེ། མ་མོའི་ཚོགས་ལ་བཀའ་བསྒོས་སོ།། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས་འཇིགས་བྱེད་འབར་བའི་ཏིང་ངེ་འཛིན་ལ་ཞུགས
15b7 ཏེ། མམོའི་ཚོགས་ཟད་དོ།། སྦས་པ་ནག་མོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་དཀྱིལ་འཁོར་འདི་གསུངས་སོ།། དཀྱིལ་འཁོར་དམར་ནག་གྲུ་གསུམ་ལ།། གྲུ་གསུམ་དབུས་ནི་ནག་པོར་གྲི།




iiif viewer powered by OpenSeadragon

15a - 16a

Texts on this page

Gdg023.2 - e ka dza Ti sbas pa nag mo'i rgyud