e-texts navigator
Collection
Volume
Page
Wylie

122a1 ན་ཀུན་ང་དུ་སས་། །
122a2 སུ་མེད་པའི་བྱང་ཆུབ་ཀྱི་སེམས་ལས། ཡི་གེ་ཏ་རེ་རེ་གསལ་བར་བསྒོམ་མོ།། ཡི་གེ་ཧ་འཕྲོས་འདུས་པ་ལས། བྱང་ཆུབ་སེམས་སུ་གྱུར་པར་བསྒོམ་མོ།། ཤར་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། སྒྲོལ་བྱེད་མ་དང་དཀར་མོ་མིག་གཅིག་མ་གཉིས་བསྣོལ་བའི
122a3 གདན་སྟེངྒ་སུ་བྱང་ཆུབ་ཀྱི་སེམས་ཡི་གེ་ཧ་ལས། ཨོཾ་གཱཾ་སྭ་མུ་མ་ཧ་དྷྲིག་ཅེས་བརྗོད་པས། རྟག་པའི་རྒྱལ་མོ་རྣམ་སྣང་གསལ་གྱི་སྐུར་སལ་གྱིས་གྱུར་ཏེ། སྒྲ་མདོག་དཀར་མོ་ལ་དབུ་གསུམ་ཕྱག་དྲུག་པར་བསྒོམ་མོ། གཡས་དང་པོ་ན་རྡོ་རྗེ། བར་བ་ན་ད་ལ་བྷ། ཐ་མཱ་ན
122a4 སེང་གེ་བསྡམས་པ། གཡོན་དང་པོ་བྷནྡྷ་རཀྟས་བཀང་བ། བར་མ་ན་གཏུན་ཤིང་རྡེག་པའི་ཚུལ་སྟོན་པ། ཐ་མ་ན་མཆོག་ཆེན་སྟོད་པར་བསྒོམ་མོ། ཞབས་བཞི་བརྐྱང་བསུམ་དུ་བཞུགས་པར་བསྒོམ་མོ།། བྱང་ཕྱོགས་འཁོར་ལོའི་རྩིབས་སྟེ་ངྒེ་སུ། དབང་ཕྱུག་མ་དང་རལ་གཅིག
122a5 མ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་ཀྱི་སེམས་ཡི་གེ་ཧ་ལས། ཨོཾ་བྱི་ཡང་ཡང་ཏེ་ཏ་དྷྲྀག་ཅེས་བརྗོད་པས། མཁའ་འགྲོ་མ་ཡང་གསལ་གཡོས་ཀྱི་སྐུར་སལ་གྱིས་གྱུར་ཏེ། སྐུ་མདོག་ལྗང་གུལ་དབུ་གསུམ་ཕྱག་དྲུག་པར་གྱུར་ཏོ། ཕྱག་གཡས་དང་པོ་ན་རྡོ་རྗེ་རྒྱ་གྲམ་བསྣམས
122a6 པ། གཡས་པར་པ་ན་དབུག་ཐོ་ཆེན་པོ་བསྣམས་པ། གཡས་ཐ་མ་ན་སྦྱང་མོ་བསྣམས་པ། གཡོན་དང་པོ་ན་བྷནྡྷ་བསྣམས་པ། གཡོན་པར་མ་ན་རྒྱུ་ཕྲེང་བསྣམས་པ། གཡོན་ཐ་མ་ན་ཞིང་ཆུང་བཟུང་ཞིང་བསྡམས་ནས་ལྷོད་པར་བསྒོམ་མོ།། ཞབས་བཞི་བརྐྱང
122a7 བསུམ་དུ་བཞུགས་པར་བསྒོམ་མོ།། ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེངས་སུ། བདུད་རྩི་མོ་དང་དམར་མོ་གཉིས་བསྣོལ་བའི་གདན་སྟེངས་སུ། བྱང་ཆུབ་སེམས་ཡི་གེ་ཧ་ལས། ཨོཾ་བྷི་ཤ་སི་དྷི་ཧ་དྷྲིག་ཅེས་བརྗོད་པས། མཁའ་འགྲོ་མ་གཉེན་གསལ་མར་ལལ་གྱིས་གྱུར




iiif viewer powered by OpenSeadragon

121b - 122b

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud