e-texts navigator
Collection
Volume
Page
Wylie

121b1 ཀཱའི་ཐུར་སྩལ་གྱིས་གྱུར་ཏོ།། ཏིང་ངེ་འཛིན་གྱིས་ལྕོགས་ཚད་དུ་དབུ་དགྲ་ཕྱག་བཅོ་བརྒྱད་པར་བསྒོམ་མོ།། དེ་ལྟར་མི་གསལན་སུ་མདོག་མཐིང་ནག་ལ་གཡས་དཀར་གཡོན་དམར། དབུགསུམ་ཕྱག་དྲུག་པ་ཞབས་བཞི་ཕྱོགས་བཞི་གཏམས་པར་བསྒོམ་མོ།
121b2 གཤོག་པ་ཕྱོགས་བཞིར་བརྐྱང་བ། གླང་པོ་ཆེའི་རྡོ་རློན་གྱི་སྟོད་གཡོགས་དང་། ཞིང་ལྤགས་ཀྱི་གཡང་གཞི་དང་། ཟོད་རློན་གྱི་ཕྲེང་བ་ཚར་གསུམ་གྱིས་སྨྲས་པ། དབུ་རྒྱན་མགུར་ཆུ་དོ་ཤལ་བྱས། ཀླུ་རིགས་བཞིས་སྐྱ་ལ་བརྒྱན་པ། མཚན་མ་རྣམ་པ་གསུམ་གྱིས
121b3 མཚན་པ། སྟག་ལྤགས་ཀྱི་ཤ་མ་ཐབས་ཀྱིས་བརྒྱན་པ། ཞལ་གཡས་དཀར་བ་གཡོན་དམར་བ། དབུས་སྐྲ་དང་མཐུན་ཏེ་མཐིང་ནག་ཕྱག་གཡས་དང་པོ་ན་རྡོ་རྗེ་རྩེ་དགུ་པ་ཐོགས་པ། གཡས་བར་མ་ན་རལ་གྲི་བསྣམས་པ། གཡས་ཐ་མན་ཞགས་པ་བསྣམས་པ།
121b4 གཡོན་དང་པོ་ན་དྲིལ་བུ་བསྣམས་པ། གཡོན་པར་མན་རྡེའུ་ཆུང་གཡོན་ཐ་མ་ན་དགྲ་སྟ་བསྡམས་པར་བསྒོམ་མོ།། དེ་ལྟར་གསལ་བ་དང་། གཡོན་གྱི་ཕྱོགས་སུ་གུ་ཡ་ཀྲོ་དྷི་ཤཱུ་རཱི་ཧཱུཾ། ཞེས་བརྗོད་པས། ལུས་ལ་གྲིབ་མ་བྱུང་བའི་ཚུལ་དུ་ཡུམ་ཉིད་གསང་བའི་ཡུམ
121b5 ཆེན་མོར་སལ་གྱིས་གྱུར་པར་བསྒོམ་མོ། སྐུ་མདོག་དང་ཕྱག་ཆ་གཙོ་བོ་དང་མཐུན་པར་བསྒོམ་མོ།། ཞལ་ལྔ་ཕྱག་དྲུག་པའོ།། གཡས་དང་པོ་ན་དྲིལ་བུ་བསྣམས་པ། གཡོན་དང་པོ་ན་བྷནྡ་རཀྟས་བཀང་བ་ཐོགས་པ། གཡས་བར་མ་ན་ཞགས་པ་ཐོགས་པ། གཡས
121b6 ཐ་མ་ན་བདུད་རྩི་རྣམ་པ་ལྔ་ཐོགས་པ། གཡོན་པར་མ་ན་བྷཱནྟ་ལྟག་སྤྲོད་ཀྱི་རྔ་བསྣམ་པ། གཡོན་ཐ་མ་ན་གཡང་གཞི་བསྣམ་པ། ཞངྒཱ་རྣམ་པ་བརྒྱད་དང་ལྡན་པ་གཅིག་གསལ་བར་བསྒོམ་མོ།། དེ་ནས་ཡབ་ཡུམ་གཉིས་སུ་མེད་པའི་བརྡས་བསྐུལ་ནས། སྦྱོར་བ
121b7 མཛད་ནས་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་ལྕགས་ཀྱུས་སྲིད་པའི་མ་མོ་ཀུན་བཀུག་ནས་གདན་དུ་བཏིང་། ཛཿཧཱུཾ་བཾ་ཧོཿ། ཀྲོ་དྷཱི་ཤྭ་དྷི་ཏི་ར་བཾ་ཤནྟི་ཏི་ར་བཾ། མུ་ཐི་ཏི་ར་བཾ། ཤནྟ་ཏི་ར་བཾ། དུཥྚི་ཏི་ར་བཾ། དནྟི་ཏིར་བཾ། སྥུརྱ་ཏིར་བཾ། ཁ་ར་ཀ་པི་ཏི་ཏིར་བཾ། སྲིང་འགྲོ་ཏིར་བཾ། བཛྲ




iiif viewer powered by OpenSeadragon

121a - 122a

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud