e-texts navigator
Collection
Volume
Page
Wylie

121a1 ཅད་ཙཉམས་ཏེ། ཟོའི་ཟླུམ་ལངས་པ་བཞིན་རྒྱལ་གྱིས་བཏང་བར་བསྐམས།། དེའི་སྟེང་དུ་རྒྱ་ལས་སུ་བཛྲསུམ་མོ་ཞེས་བརྗོད་པས། རི་བ་རིན་པ་ཆས་ལྔ་ལས་གྲུབ་པ་ཤར་ཤལ་ཀགས་སྤྱིར་དཀ་ག། རྣོ་\ུ0f7f
121a2 ཡ་ལྟར་སྔོ་བ། ནུབ་པདྨ་རཱག་ལྟར་དམར་བ། བྱང་ཨིནྡྲ་ནཱི་ལ་ལྟར་ལྡང་བ། དབུས་སུ་ཤ་ར་ཀ་ལྟར་སེར་བ། དཔག་ཚད་བཅད་ཁྲི་བཞི་སྟོང་དུ་ཕྱིན་པ། ཁ་ཁྱེར་གྱེན་དུ་བྱུང་བས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་འཕང་གཅད་པར་བསྒོམ་མོ།། དེའི་སྟེང་དུ་མ
121a3 དམར་མོ་གཅིག་གསལ་ནས། དེའི་སྟེང་དུ་བྷྲཱུཾ་སྤུག་ནག་གཅིག་བསྒོམ་མོ།། དེ་ལས་འོད་ཟེར་འཕྲོས་པས་འཕགས་པའི་ཐུགས་དམ་གྱི་རྒྱུད་བསྐུལ། འགྲོ་བ་སེམས་ཅན་གྱི་དོན་བྱས་ནས་སླར་འདུས་པ་ལས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་བྷཊྚ་ཏྲཱཾ། ཞེས་བརྗོད་པས
121a4 ཡེ་ཤེས་ཀྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དང་ལྔ་པ། སྒོ་ཁྱུད་རྟ་བབས་དང་ལྡན་པ་གཅིག་ཏུ་གྱུར་པར་བསྒོམ་མོ།། གཞལ་ཡས་ཁང་དེའི་ནང་དུ་དུར་ཁྲོད་ཀྱི་རྒྱན་མང་པོས་བརྒྱན་པར་བསྒོམ་མོ།། དེའི་སྟེང་དུ་མ་དམར་མོ་གཅིག་གསལ་བར་བསྒོམ་མོ།། དེ་ལས
121a5 མ་སཱུརྱ་མཎྜལ་ཞེས་བརྗོད་པས། ཉི་མའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ་མོ།། དེའི་སྟེང་དུ་ཨ་དཀར་པོ་གཅིག་གསལ་བ་ལས། ཨ་ཙནྡ་མཎྜ་ལ་ཞེས་བརྗོད་པས། ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ། ཉི་ཟླའི་སྟེང་དུ་ཙཀྲ་མཎྜལ་ཞེས་འརྗོད་པས། འཁོར
121a6 མ་རྩིབས་བཞི་པ་གཅིག་ཏུ་གྱུར་པར་བསྒོམ་མོ།། དེའི་སྟེང་ཏུ་མ་ཧཱ་དེ་ལ་འོ་མ་བསྒོམ་ལ། མཧཱ་དེ་ཝཱ་ཨུ་མ་དེ་ལླི་བ་ཊྭཱཾ་ག་ཏིང་པོ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་གན་རྒྱལ་དུ་བསྒྱེལ་ནས་གདན་དུ་བཏིང་བར་བསྒོམ་མོ།། དེའི་སྟེང་དུ་ཆུའི་ཡི་གེ་ཨོཾ་དཀར་པོ་བཀྲས
121a7 ལེ་བསྒོམ་མོ།། ཨོཾ་དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། བྱང་ཆུབ་སེམས་སུ་གྱུར་པར་བསྒོམ་མོ།། དེ་ཡང་སྣང་སྲིད་སེན་མོ་ཙམ་ཡང་མ་གཡོས་པའི་ཐིག་ལེར་གསལ་བར་བསྒོམ་མོ།། ཐིག་ལེ་དེ་ལས་ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུ~ཾ། ཞེས་བརྗོད་པས། ཐ་མེད།




iiif viewer powered by OpenSeadragon

120b - 121b

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud