e-texts navigator
Collection
Volume
Page
Wylie

120b1 གདགས་ཀྱིར།། བསྒོམ་པའི་དན་ལ་བདག་ཉན་འཚལ།། ཡང་དག་ཆགས་ཀྱིས་བཀའ་རྒྱལ་ཅིག། དཀད་གསལ་པགས་ན་ནས་བྱུག། མངད་ཆགས་རྒྱལ་པས་བཀའ་སྩལ་པ།། བསྒོམ་པ་འདུན་འདངས་བརྟན་བྱ།། ཙུན་ཅག་གསུང་བྱུང་ཡང་ང།
120b2 པ།། ངས་གསུང་བ་ལ་སེམས་མ་ཡེངས།། དེ་ལ་དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྣང་སྲིད་ཐམས་ཅད་མ་བྱུང་མ་སྐྱེས་པར་བསྒོམ། དེ་ནས་ཀུན་ཏུ་སྡུད་པའི་ཏིང་ངེ་འཛིན་ནི། སྙིང་རྗེ་ནམ་མཁའི་ངོ་བོ་ལྟར།། སྡང་ལ་རང་བཞིན་མེད་པར་བསྒོམ།
120b3 དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་ནི། ཨོཾ་དཀར་པོ་བཀྲ་ས་ལེ་བསྒོམ། ཨོཾ་དེ་ལས་འོད་འཕྲོས་པས་འཕགས་པའི་ཐུགས་ཀྱི་རྒྱུད་བསྐྱལ། འགྲོ་བ་སེམས་ཅན་གྱི་དོན་བྱས་ནས། སླར་འདུས་པ་ལས་ཡེ་ཤེས་ལྔར་གྱུར་པར་བསྒོམ་མོ། ཡེ་ཤེས་ལྔ་ཡི་འོད་ཟེར་ལས།
120b4 ཨོཾ་ཏཾ་མཾ་ཆུ་ཀ་ཎྱཻ་ལཾ་བྷྲཱུཾ། ཞེས་བརྗོད་པས། ཡི་གེ་དེ་རྣམས་རིན་ཆེན་རྩར་ལ་བཟླས་པ་བཞིན་དཀར་ཁྲིགས་ས་བསྒོམ་མོ།། དེ་ནས་ཨེ་བྷ་ག་ཝཱ་པདྨ་མཎྜལ་ཞེས་བརྗོད་པས། ཡི་གེ་ཨེ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གཅིག་ཏུ་བྱུར་ནས་@
120b5 སྲིད་ཀུན་ལ་ཁྱབ་པར་བསྒོམ་མོ།། དེའི་བྱིན་འདྲབས་ལས་འོག་གི་ཕྱོགས་སུ་ཏཾ་ཏཾ་ཞེས་བརྗོད་པས་རླུང་གི་འཚུབ་མ་ལ་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད་པར་བསྒོམ་མོ།། དེའི་སྟེང་དུ་མཾ་ལས་རཀྟ་མཎྜ་ལ་ཞེས་བརྗོད་པས། རཀྟའི་རྒྱ་མཚོ་མཐའ་དང་དབུས་མེད་པ་དམ
120b6 ཚིལ་བར་གྱུར་པར་བསྒོམ་མོ།། དེའི་སྟེང་དུ་སུ་ལས་བཛྲ་སུཾ་ཞེས་བརྗོད་པས། གསེར་གྱི་ས་གཞི་དཔེར་ན་མཚོ་ལ་དར་ཆགས་པ་ཙམ་མམ། འོ་མ་ལ་སྤྲིས་མ་ཆགས་པའི་ཚུལ་དུ་ཁད་ཀྱིས་ཆགས་པར་བསྒོམ་མོ།། དེའི་སྟེང་དུ་ཀཽ་ལས་ཀཽ་ནི་རི་ཛྭ་ལ་མཎྜ་ལ
120b7 ཞེས་བརྗོད་པས། ཀོང་རུས་ཀྱིའི་རབ་གསར་རྙིང་བརྩེགས་པ་ལ། གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གཅིག་པའི་གཟེར་གྱིས་བཏབ་པས་རྩིབས་ལ་ཉི་ཟླ་འཆར་བར་བསྒོམ་མོ།། དེའི་སྟེང་དུ་ཕྱི་ལས་ཨགྣི་མཎྜ་ལ་ཞེས་བརྗོད་པས། འབྱུང་བ་མེ་ཡི་དལ་གྱིས་འབྱུང་བ་ཐམས




iiif viewer powered by OpenSeadragon

120a - 121a

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud