e-texts navigator
Collection
Volume
Page
Wylie

119b1 མི་བསྟན་མ་པའི་དམ་ཆོག་ནོ།། ཐ་ཚོམ་མེད་པར་ངས་བརྟན་བྱ།། ངས་གསུང་པ་ལ་རྩ་གཅིག་སེམས་ཀྱད་ཅིག། ཟག་པ་འགམ་རྣམས་ལགསང་བཱ་ནི།། རྟོགས་པའི་ལྟ་བ་ཟན་པ་གསང།། མཛང་བྱུང་རམ་ཐར་ཟན་པ་བསག། ཛ་བུ་བན
119b2 རོགས་གསཔ།། མ་མོ་བརྟེན་པའི་དམ་རྫས་གསང།། སྒྲུབ་པར་བྱེད་པའི་ལག་ཆགསཔ།། བཟླས་པར་བྱ་བའི་སྔགས་རྣམས་གསད།། བསྒྲུབ་པའི་གནས་ཀྱང་དེ་བཞིན་ནོ།། བསྒྲུབ་པའི་དུས་ཀྱང་དེ་བཞིན་ནོ།། བསྒྲུབ་པའི་རྟགས་ཀྱང་དེ་བཞིན་དོ།
119b3 དངོས་གྲུབ་རྟགས་ཀྱང་སྔ་མ་བཞིན།། བླང་བའི་ཐབས་ཀྱང་གསང་བར་སྟེ།། དབང་དུ་བསྡུ་བའི་ཐབས་ཀྱང་རབ་ཏུ་གསང་།། བཀོལ་བའི་ཐབས་ཀྱང་དེ་བཞིན་ནོ།། གདམས་པའི་གསང་བའི་དམ་ཚིག་ནི།། གདམས་པ་བཞིན་དུ་མཉན་ཏེ།། གསང་བ་མཐུ་བས
119b4 བུ་ནི།། ཏི་ལ་འབྲུ་ཙམ་ཡང་ཐོབ་མི་འགྱུར།། དངོས་གྲུབ་ཉིད་ཀྱང་རིང་བ་དང་།། དེ་ནི་རིགས་ཀྱང་ཡོང་མི་བྱེད།། ཅེས་བཀའ་སྩལ་ཏོ།། མན་ངག་དམ་ཚིག་གི་ལེའུ་སྟེ་གཉིས་པའོ།། །། གདོན་འདུལ་ལྷ་ཡིས་ཡང་གསོལ་པ།། རྣལ
119b5 ཟབ་མོའི་དོན་སྤྱོད་ལ།། ལྟ་བའི་དོན་གྱིས་ཕན་གདགས་པ།། བདག་གིས་ནན་ཏན་ཇི་ལྟར་བསྐྱེད།། རྟག་ཆེན་ཡབ་ལ་བདག་ཉན་འཚལ།། རྟག་ཆེན་ཡབ་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང་།། རྟག་ཆེན་ཡབ་ཀྱིས།།
119b6 བཀའ་སྩལ་པ།། རྣལ་འབྱོར་ཟབ་མོའི་དོན་སྤྱོད་ལ།། ལྟ་བའི་དོན་གྱིས་ཕན་གདགས་པ།། ཡང་དག་ཉིད་དུ་ངས་བསྟན་གྱི།། ཉོན་ཅིག་གཡུང་དྲུང་ལྷ་ཡི་གཙོ།། ངས་བསྟན་པ་ལ་ཐེ་ཚོམ་མེད།། སྣོད་ཀྱི་འཇིག་རྟེན་ཤེས་བྱའི་ཡུལ།། བཅུད་ཀྱི་འཇིག
119b7 རྟེན་རིག་པ་སྟེ།། ཡུལ་དང་རིག་པ་གཉིས་མེད་དོན་གྱིས་བལྟ་བར་བྱ།། མ་མོ་མཁའ་འགྲོ་སྐྱབས་དང་གྲོགས་སུ་བལྟ།། སྣོད་ཀྱི་འཇིག་རྟེན་ཆོས་ཀྱི་དབྱིངས།། བཅུད་ཀྱི་འཇིག་རྟེན་ཡེ་ཤེས་ཆེ།། དབྱིངས་དང་ཡེ་ཤེས་གཉིས་མེད་དོན་གྱིས་བལྟ།། ཐབས




iiif viewer powered by OpenSeadragon

119a - 120a

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud