e-texts navigator
Collection
Volume
Page
Wylie

119a1 རྫོགས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། འདྲ་འབྲལ་མེད་པ་ཡུམ་གྱི་དབྱིངས།། ཀྱེ་ཤི་མེད་པ་ཡབ་ཀྱི་མཁའ།། བདེ་བ་ཆེན་པོའི་དོན་རྟོགས་ན།། བླང་དོར་མེད་པ་དེ་ཡིས་འབྲབ།། གཉིས་མེད་དོན་རྟོགས
119a2 དེ་ཡི་དང་།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཆོས་ཉིད་རྟག་པའི་གཡུང་དྲུང་ལ།། སེམས་ཉིད་རྟག་པའི་བློས་བཞག་ན།། འགྱུར་མེད་དོན་ཞེས་རུང་ལགས་སམ།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཆོས
119a3 ཉིད་རྟག་པའི་གཡུང་དྲུང་ལ།། སེམས་ཉིད་རྟག་པའི་བློ་བཞག་པ།། རྫོགས་པའི་ལྟ་བ་ལ་རྡོར་རོ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་ཞེས་བྱ་བ་གང་གི་དབྱིངས།། མོ་ཞེས་བྱ་བ་གང་གི་ཀློང་།། མ་མོའི་གཏན་ཚིགས་ཇི་ལྟར་ལགས།། འབྱུང
119a4 ལྔ་པོ་གང་ལས་གྲུབ།། སངས་ཀྱིས་དགོངས་པ་གང་གིས་འགྲུབ།། བདེ་བ་ཆེན་པོའི་ང་ཉིད་ལས།། རྒྱ་རྐྱེན་གཉིས་ཀྱིས་བསྐྱེད་ལགས་སམ།། འབྱུང་བ་ལྔ་ཡི་ང་ཉིད་ལས།། འདི་ལ་འཕོ་འགྱུར་མཆིས་ལགས་སམ།། ཡང་དག་རྫོགས་ཀྱིས་བཀའ
119a5 སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། མ་མོའི་དོན་རྣམས་རྟོགས་པའི་ཕྱིར།། མ་མོའི་ས་རྣམས་ངེས་པར་ཐོབ།། ཡིད་བཞིན་ནོར་བུམ་བཙལ་རྙེད།། ཡེ་ཤེས་ཉི་མ་རང་ལ་ཤར།། ཆེན་པོ་ལྔ་ཡི་དང་ཉིད་དུ།། ཐམས་ཅད་མ་ལུས་སྤངས
119a6 རྒྱས་སོ།། གསང་བ་གཏན་ཚིགས་ཀྱི་ལེའུ་སྟེ་དང་པོན།། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། ཟག་པ་དམན་པའི་འོག་མ་དང་།། མུཿདམ་མེད་དམ་ཉམས་ལ།། མི་བསྟན་སྐྱ་བའི་དམ་ཚིག་གང་།། བདག་གིས་ནན
119a7 ཏན་ཇི་ལྟར་བགྱི།། མངོན་སངས་རྒྱས་ལ་བདག་ཉན་འཚལ།། མངོན་སངས་རྒྱས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གས་ན་ནས་ཀྱང་།། མངོན་སངས་རྒྱས་ཀྱིས་བཀའ་སྩལ་པ།། ཐེག་པ་དམན་པའི་འོག་མ་དང་།། མྱ་བོད་མ་མེད་དམ་ཉམས་ལ།།




iiif viewer powered by OpenSeadragon

118b - 119b

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud