e-texts navigator
Collection
Volume
Page
Wylie

118b1 གཅིག་ཡབ་ཀྱིས་བཀའ་སྩལ་བ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྣོད་ཀྱི་འཇིག་རྟེན་ཀུན་བཟང་པོ།། བརྒྱད་ཀྱི་འཇིག་རྟེན་སངས་རྒྱས་ཀྱུ།། ཕྱི་ནང་སྣོད་བཅུད་རྣམ་པར་དག། རྟག་ཆུད་རྣམ་གཉིས་མྱ་ངན་འདས།། གཡུང་དྲུང་ལྷ་ཡིས་ཡང་གསལ་པ།།
118b2 སྟོན་པ་རྣམ་གསུམ་གང་ལ་བགྱི།། སྡུད་པ་རྣམ་གསུམ་གང་ལ་བགྱི།། གནས་ཞེས་བགྱི་བ་ཇི་ལྟ་བུ།། གནས་ལ་ངེས་པ་དུ་ཞིག་མཆིས།། དུས་ཞེས་བྱ་བ་ཇི་ལྟ་བུ།། དུས་ལ་ངེས་པ་དུ་ཞིག་མཆིས།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད
118b3 གསོལ་པ་གསན་ནས་ཀྱང་།། ཡང་དག་རྫོགས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟོན་པ་རྣམ་གསུམ་ཡེ་ཤེས་སླུ།། སྐུད་པ་རྣམ་གསུམ་རིག་པའི་གཏེར།། འཕོ་འགྱུར་མེད་པས་གནས་ཞེས་བྱ།། ཡང་དག་དོན་རྟོགས་དུས
118b4 ཞེས་བྱ།། རྡོ་རྗེ་སེམས་པས་ཡང་གསོལ་པ།། ལྷ་ལ་རྣམ་པ་དུ་ཞིག་མཆིས།། འཁོར་ལ་རྣམ་པ་དུ་ཞིག་མཆིས།། ལུང་ལ་རྣམ་པ་དུ་ཞིག་མཆིས།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པ་གསན་ནས་ཀྱང་།། ཡང་དག་རྫོགས་ཀྱིས
118b5 བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ལྷ་ལ་རྣམ་པ་གསུམ་དུ་བསྟན།། འཁོར་ལ་རྣམ་པ་གསུམ་དུ་བསྟན།། ལུང་ལ་རྣམ་པ་གསུམ་དུ་བསྟན།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། རྒྱུད་ཅེས་བགྱི་བ་ཅི་ལྟར་ལགྲ།། ལུང་ཞེས་བགྱི་བ་དེ་ལྟར
118b6 ལགྲ།། མན་དག་བགྱི་འདི་ལྟར་ལཀྲ།། དེ་སྐད་གསོལ་པགས་ན་ནས་ཀྱང་།། ཡང་དག་རྫོག་ཀྱིས་བཀའ་སྩལ་པ།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ཁྱུད་ཅེས་བྱ་བ་འབྲེལ་པའི་བཀའ།། ལུང་ཞེས་བྱ་བ་སྨྱོན་པའི་བཀའ།། མན་ངག་ཅེས་བྱ་ལ་བཟླའོ།། གཡུང་དྲུང་ལྷ་མོས།
118b7 ཡང་གསོལ་པ།། ཡུམ་གྱི་དབྱིངས་ཤེས་གང་ལ་བགྱི།། ཡབ་ཀྱི་མཁའ་ཞེས་གང་ལ་བགྱི།། ཐང་དོར་མེད་པ་གང་གིས་འགྲུབ།། འཁོར་བའི་གནས་འདི་མི་འཚལ་ལམ།། ཀློང་ཞེས་བྱ་བ་ཇི་ལྟར་ལགས།། དེ་སྐད་གསོལ་པ་གསན་ནས་ཀྱང་།། ཡང་དག




iiif viewer powered by OpenSeadragon

118a - 119a

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud