e-texts navigator
Collection
Volume
Page
Wylie

118a1 དེ་ཉིད་བཅོམ་ལྡན་རྣལ་འགྱུར་\ུ0f7f།། ཧནཀ་ལ་འདུད་ཕྱག་བསྟོད།། ཅེས་གསུངས་སོ།། དེ་ནས་སྟོན་པས་རྒྱད་ཡོངས་སུ་གཏད་པ་འདི་གསུངས་སོ།། གང་གིས་འབྱུང་བ་ནམ་མཁའ་འངན།། ད་ནི་བཟག་གས་ལ་མཉམ་དུ
118a2 གནས།། ས་ནི་རྣམ་སྣང་གསལ་དུ་བསྟན།། མེ་ནི་འོད་གསལ་འབར་བ་ལས།། ཆུ་ནི་གཉེན་གསལ་མ་ཡིན་ཏེ།། རླུང་ཞེས་བྱ་བ་ཡང་གསལ་གཡས།། འབྱུང་བ་ལྔ་དག་མུ་ཁ་ལེ།། ཆོས་ཀྱི་དབྱིངས་ཀྱི་རྒྱུད་འདི་ཡི།། བུད་མེད་སྟོང་པ་ཉིད་དུ་གནས།།
118a3 དེ་མཚོན་ཐབས་ཀྱི་ཕྱག་རྒྱ་ཆེ།། དྲ་བའི་ངེས་བརྒྱུད་འདི་ལོང་།། ཐབས་ཀྱི་སྦྱོར་བའི་སྟོང་ཉིད་འདི།། བདེ་བྱུང་བུད་མེད་ལག་ཏུ་བྱིན།། དེ་ཟླ་གསང་བའི་ཐིག་ལེ་ཉིད།། མིག་ལྡན་དབང་ཕྱུག་སྦོམ་དུ་ལྟོས།། ཡེ་ཤེས་གསང་བའི་རྡོ་རྗེ་འདི།། རྣལ་འབྱོར་དབང
118a4 ཕྱག་ཆེན་པོ་དང་།། ཡེ་ཤེས་མ་མོ་མཁའ་འགྲོ་དང་།། སྐུ་གསུང་ཐུགས་ཀྱི་མི་ཟད་རྒྱན།། གཚར་ལོ་གསང་བའི་དང་ལ་བཞུགས།། ཞེས་གསུངས་སོ།། དེ་ནས་འཁོད་རྣམས་དགྱེས་ཏེ་རྗེས་སྱེ་ཡི་རང་བར་གྱུར་ཏོ།། མ་མོ་སྲིད་པའི་རྒྱུད་ལུང་རྣགས་ཐིག་ལེ་བུད་མོད
118a5 རྒྱུད་ལས། རྗེས་སུ་བཟུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། མ་མོ་ཟླགསང་ཐིག་ལེའི་རྒྱུད་ཅེས་བྱ་བ་རྫོགས་སོ།། རྒྱ་གར་གྱི་པཎྜི་ཏ་གུ་ཧྱ་གསང་བ་ལས། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་བའོ།། ། ཐུགས་ཀྱི་ཡང་སྙིང་མ་མོ
118a6 འབུམ་ཏིག་གི་རྒྱུད། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྟག་པ་ཆེན་པོ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ཁྱབ་གདལ་བའི་རང་བཞིན་ལ་ཡུམ་དངོས་གྲུབ་ཆེན་པོར་བསྟན་པ་དང་། ཐུགས་ཀྱི་སྦོམ་བུ་ལས་བྱུང་བའི་དགོངས་པའི་བརྣག་པ་མཐར་ཕྱིན་པའི་དོན་དུ་གསུངས
118a7 པ་ལས། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། འཇིག་རྟེན་པ་ཡི་ཆོས་རྣམས་ལས།། སེམས་ཉིད་མྱ་ངན་ཇི་ལྟར་བཟླ།། རྟག་ཆད་རྣམ་གཉིས་གང་དུ་བསྡུ།། ཡང་དག་རྫོགས་ཀྱིས་བཀའ་སྩོལ་ཅིག། དེ་སྐད་གསོལ་པགས་ན་ནས་ཀྱང་།། ཉག




iiif viewer powered by OpenSeadragon

117b - 118b

Texts on this page

Gdg023.10 - thugs kyi yang snying ma mo 'bum tig gi rgyud