e-texts navigator
Collection
Volume
Page
Wylie

116a1 དེ་དག་དམ་ཚིག་བརྗོད་པ་འདིའོ།། ཨོཾ་བཛྲ་ཀྲོ་ཏཱི་ཤྭ་རཱི་བ་ག་པདྨ་རྱ་ཧཱུཾ་ཧཱུཾ། ཨོཾ་བཛྲ་ཤནྟིཾ་པདྨ་ག་རུ་ཏི་བྷྱོ།། ཨོཾ་མུ་ཏྲི་ནི། ཨ་ཤནྟི་ནི། བ་ག་དུནྟི་ནི། ཁ་མུན་ད་ན་ཏྲི་ནི། ཨོཾ་བཛྲ་སུརྱ་བྱི་ཏ་མ་ཏོ་ཡེ། བཛྲ་པདྨ་བྱི་ཏ་མ་ཏོ་ཡེ། བཛྲ་ཁ་རག་བྷི་ཏ་མ་ཏོ
116a2 བདྲ་སྲིང་འགྲོ་བྱི་ཏ་མ་ཏོ་ཡེ། ཨོཾ་བཛྲ་ཀཾ་མ་བཛྲ་ཀི་མ། བཛྲེ་ཏ་ཀེ་མ་བཛྲ་ཏ་ཀེ་མ། བཛྲ་ནི་ལ་བདྲེ་ནི་ལ། བཛྲ་ལནྟ་བཛྲ་ལནྟ། མ་མོ་ཐམས་ཅད་ཆགས་པ་ཆེ། ཨོཾ་བྷི་ཥེ་ཀ་ཙི་རི་ལས། ལུས་ཀྱི་རྩ་རྣམས་བུམ་པ་སྟེ།། སྔགས་ནི་གསང་བ་ཞེས་སུ་བཤད།། ཁམས་ཀྱི
116a3 ས་པ་ནསནམ་བྱེ་།། ཐམ་པས་རྒྱ་རྫོགས་པ་ལས།། ས་ཀྲིགསང་པ་འདིབ་གས་ཀྱི།། ཤེས་རབ་ལ་གསས་གཉིས་གཅན། བད་ཅན་གིསས་བྱུང་དུ་གྲན།། ཡོང་བྱེ་པ་ཡབ་ལ།། གཉིས་པ་པ
116a4 གསུམ་པ་ལས་ཀྱི་འཁོར་ལོ་སྟེ།། བཞི་པ་རྡོ་རྗེའི་རྦ་རླབས་བསྟན།། དང་པོར་སྦྲུལ་སྐུའི་ཞིང་ཁམས་དབང་།། གཉིས་པར་ལོངས་སྐུའི་ཞིང་ཁམས་ལ།། གསུམ་པར་དེ་བཞིན་ཆོས་སྐུ་ལས།། བཞི་པར་ངོ་བོ་ཉིད་སྐུ་ཐོབ།། དང་པོར་ལུས་ཀྱི་དཀྱིལ་འཁོར་མཐོང
116a5 གཉིས་པར་བྷ་གའི་དཀྱིལ་འཁོར་ཡིན།། གསུམ་པར་བྱང་ཆུབ་བདུད་རྩི་སེམས།། བཞི་པར་དུས་གསུམ་བདེ་གཤེགས་བཅུད།། དང་པོར་འཁོར་འདས་དབྱེར་མེད་པ།། གཉིས་པར་མ་འདྲེས་ཡོངས་སུ་རྫོགས།། གསུམ་བཞིར་བདེ་སྟོང་ཆུང་དང་ཆེ།། དེ་དག་མཐོང
116a6 སྤྱོང་ལམ་གཉིས་ཀྱིས།། རྒྱུད་རྟགས་འབྲས་བུར་བསྡུས་པ་ལས།། ཉེ་དགུ་དབང་དང་ལམ་གཉིས་ལས།། ཕྱི་ནང་རྟེན་འབྲེལ་རྣམ་གཉིས་དང་།། ཐིག་ལེ་རླུང་དང་དེ་ཁོ་ན།། ཕྱི་ནང་སེམས་ཀྱི་རྟགས་ཞེས་བྱ།། ཡང་དག་མྱ་ངན་འདས་པ་ཐོབ།། དེ་ཕྱིར་ཡེ་ཤེས
116a7 རྔོ་མོ་ཡིན།། ཤེས་རབ་ཡེ་ཤེས་ཞེས་བྱ་བ།། ཧཾ་འདུས་མགྲིན་པར་དགའ་བ་ནི།། ཉོན་མོངས་པ་དང་མེ་བཞི་ལས།། མོས་པ་ཆུང་བའི་ལམ་ཆོད་ནས།། སྙིང་གར་མཆོག་ཏུ་དགའ་བ་ནི།། གཉིས་གསུམ་བཞི་ཆ་ཞི་མ་ཡིན།། དམིགས་པ་ཕྲ་བའི་ལམ་ཡང་ཆོད།།




iiif viewer powered by OpenSeadragon

115b - 116b

Texts on this page

Gdg023.9 - ma mo srid pa zla gsang thig le'i rgyud