| | e-texts navigator
|
115a1 ཞི་ལྡན་ནམ་སྣང་གས་ལ་ཡང་བསྐལ།། བཟག་གསལ་བདེ་བའི་རོས་གང་བ།། དང་པོ་རང་ཉིད་སྦྱང་བར་བྱ།། བུད་མེད་འདོད་པའི་ཆགས་པས་བལྟ།། རྣམ་པ་སྣ་ཚོགས་དགའ་བ་ལ།། པདྨ་རི་ན་མཉམ་བྱ་རབས།། ཤིན་ནཆས་མཱ
115a2 ཐིག་ལེ་དབབ།། མི་མཁས་ཐིག་ལེ་མྱུར་དུ་ཉམས།། རུས་གྲལ་འགྲོས་ཀྱིས་མཁས་པར་བྱ།། རྣམ་པར་སྨིན་པ་མཆོག་ཏུ་དགང་།། འབོབས་ཕྱིར་ཐིག་ལེ་འབར་བའི་དྲོད།། བསྲུབས་པས་མི་རྟོག་བདེ་འབར་བ།། རྣམ་པར་འཇོམས་པ་བྲལ་དགའ་ཡིས།། གཡོས
115a3 བའི་དྲོད་ལ་ཐིག་ལེ་གཟུང་།། མི་མཁས་བདེ་བ་ཡུན་ཐུང་བས།། ལུས་ངག་འགྱུར་བའི་ལས་རྣམས་བྱ།། རྟགས་བྱུང་ཐིག་ལེ་ཟིན་པ་ན།། པདྨ་ལིངྒ་ཁ་སྦྱར་བས།། བདེ་བ་གཡོ་བ་བརྟན་པར་སྦྱོར།། ནྱ་མཚོ་རེ་རབ་ངོས་ལ་སྦྱར།། གླིང་བཞི་རང་གི་གནས་ལྔ།
115a4 རོ་འཇོན་རང་གི་གནས་ལ་སྦྱོར།། དབང་མཆོག་ཉི་མའི་སྟེང་དུ་བཞག། ཧཱུ~ཾ་རིང་ཧཱུཾ་ཕཊ་མདའ་གཞུ་བྱ།། སྐེ་རགས་བཅང་ཞིང་ཞགས་པ་འཕང་།། བུ་ཆུང་སྤྱོད་ལམ་རབ་ཏུ་བྱ།། མཚན་ཉིད་བྲལ་བའི་ལྷན་ཅིག་སྐྱེས།། བཟློག་པ་མ་ཤེས་ཆུ་དང་བསྡང་།། དེ་ཕྱིར་དུང་འགྲེ
115a5 འགྱུར་བ་བྱ།། འགྲིམས་པ་མ་བྱས་ནད་ཡིན་པས།། དེ་ཕྱིར་རྣམ་ཐལ་ཕྱག་རྒྱ་བྱ།། ལུས་ཀྱི་ཁོལ་བུ་ཕར་ཆེར་རམ།། ཐམས་ཅད་སྣང་དངོས་བདེ་བ་ཀྱེ།། ནང་གནས་སྤྱི་མགྲིན་ལྟེ་སྟེང་གསང་།། བདག་ཡུམ་གཟུང་འཛིན་ཏོག་གསུམ་འགོག། དེ་ཕྱིར་གྲོང
115a6 ཡིན།། བདེ་བ་ཆུང་ཆེ་མི་རྟོག་དང་།། བདེ་སྟོང་དེ་ཡང་ལྷན་ཅིག་གྱེས།། སྲ་དཀར་བྲལ་དང་སྟོབས་རྫོགས་གསལ།། མཚན་དཔེ་ཚང་ཞིང་འཆི་མེད་པས།། ཡིད་བཞིན་སྤྲིན་གྱི་བདག་པོ་སྟེ།། ཚེ་ཡི་རིག་འཛིན་ཐོབ་པའོ།། ཞེས་གསུངས་སོ།། མ་མོ་ཆུད་ལུང
115a7 གསང་ཐིག་ལེ་ལས། ལམ་གྱི་མ་པ་སྟེའི་འུབ་ཀྱད་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་ངོ་བོར་གྱུར་པ་འདི་གསུངས་སོ།། ཀུན་གཞིམ་སྐྱེས་བུ་བ་ལི།། དབུ་ལ་ཕྱག་དྲུག་ཞབས་བརྒྱད་ལ།། འཁོར་བཅས་སྡོང་བཟུང་མ་ལུས་ཀུན།། རང་དེ
iiif viewer powered by OpenSeadragon
114b - 115b