| | e-texts navigator
|
114a1 འམཐོ་ག་ནགས་ཅལ་ད།། བྱུང་བ་རྫལས་བ་ངས་ཐག། ཐུགསམ་དབང་མ་རྒྱལག།། སྨྱན་དང་མ་ཚད་བ་གས་པམས།། རྣགས་ལས་ཐམ་པ་མནངན། བཅུགསུ་མ་བྱས་བས་མའག། ང
114a2 བསྡུས་དམ་བཏགས་དཀྱིལ་འཁོར་དུ།། ཉི་ཤུ་རྩ་བདུན་ལས་ལ་འགྱེད།། རྡོད་དང་རྟགས་དང་མཚན་མ་ཡིས།། ཐུན་མོང་མཆོག་གི་དངོས་གྲུབ་ཀུན།། སྐུ་གསུང་ཐུགས་ལ་ཐིམ་གྱུར་ན།། བུམ་པ་རྣམེ་སྣང་ཆུ་ཡི་དབང་།། ཅོད་པན་འོད་གསལ་མཉམ་པ་ཉིད།།
114a3 རྡོ་རྗེ་གཉན་གསལ་འདོད་ཆགས་དག། དྲིལ་བུ་ཡང་གསལ་རླུང་གི་བྷ།། རྡོ་རྗེ་མིང་ནི་བཀླག་གསལ་ཟན།། ཀུན་འདུས་མུ་ཀ་བྷ་མེད་བྱེ།། འདིར་སྦྱང་བར་མདོར་དྲན་པས།། རིག་པ་འཛིན་ནམ་གང་མོས་སམ།། སངས་རྒྱས་ཐམས་ཅད་ཐོབ་པ་ཡིན།། གྲོལ།
114a4 བའི་ལམ་དུ་བརྗོད་པ་སྟེ།། རྣལ་འབྱོར་ཀུན་གྱིས་བསྒོམ་པར་བྱ།། ཆགས་པས་ཆགས་པ་གྲོལ་བྱེད་པ།། ལུས་ཀྱི་གཡས་གཡོན་དབུས་གནས་པ།། གཟུང་འཛིན་མེད་པའི་དངོས་པོ་སྟེ།། འདོད་ཆགས་ནི་སྡང་གཏི་མུག་དང་།། རླུང་དང་མཀྲིས་པ་བདཀན་དང་།
114a5 ཉིན་མོ་མཚན་མོ་མཚམས་ཀྱི་ཎི།། འདོད་གཟུགས་མེད་པའི་ཁམས་གསུམ་དང་།། རྒྱལ་མ་འབྲས་བུའི་རྣལ་འབྱོར་གུསུམ།། སངས་རྒྱས་ཆོས་དང་དགེ་འདུན་དང་།། སྟོང་ཉིད་ལ་ཤེས་རྡོ་ཅན།། པ་ལས་བྱུང་བའི་གཏུར་ག།། མཱ་ཡིས་བྱིན་པའི་ས་ནཱ་མོ།། རང་གི་ཕྱིར
114a6 པ་ཆགས་སུ་བཤད།། སྲོག་གི་རྣམ་པ་འདི་གསུམ་དུ།། འཁོར་དང་མྱ་ངན་འདས་པ་གྲུབ།། བརྒྱ་ཚན་གསུམ་དང་དེ་སྟེང་གཉིས།། རུས་མཚོ་ཀླད་པ་དེ་ལ་ཡོད།། རྐང་གཉིས་ལ་ནི་སྐད་རྣམས་འབྱུང་།། དེ་ལ་ཟས་ཀྱི་ལོངས་སྤྱོད་གསོལ།། བཞི་གཉིས་རང་གི་སྙིང་ཡིན་ཏེ།། རྡོ་ལ
114a7 འཁོར་འདས་ཆོས་གནས་སོ།། བཅུ་ཚན་དྲུག་དང་དེ་སྟེང་བཞི།། མ་སྟེ་བུ་སྟེ་འབྲེལ་བར་སྤྲུལ།། མེ་དང་རླུང་གི་གནས་ནི་ཆོ།། དེ་ཡང་བྱ་གསུམ་འོད་མའི་གཟུ།། གཡས་ཀྱི་ཉི་མ་དམར་ཞིང་གདངས།། གཡོན་གྱི་ཟླ་བ་དཀར་ལགས་ལ།། དབུས་ཀྱིག་པ་བསྟན་པ་ནི།། བའི
iiif viewer powered by OpenSeadragon
113b - 114b