e-texts navigator
Collection
Volume
Page
Wylie

112b1 མི་རྟག་པ་རྒྱལ་མས།། དབང་ནི་འབྱུང་བ་ཐལ་མ་དང།། ལས་ནི་བ་ད་ཐམས་ཅད་འདྲག། སེམས་ཅན་ཐམས་ཅད་ཏུད་པར་མཛང།། སངས་རྒྱས་ཐམས་ཅད་བཞུགས་པར་ཛད། ཐག་ཅད་ན་གས་དག་ན་ན་ས
112b2 ངེས་ཤེས་ཀྱེ།། གཡོའི་ཛིན་རླུང་ནི་ལས་ཀུན་བྱེད།། ཡེ་ཤེས་ནམ་མཁའ་ནས་གུད་སྟོངས།། འབྱུང་བ་ལྔ་དང་སྟོང་པ་ཉིད།། ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར།། རྡོ་རྗེ་མཁའ་འགྲོར་སྒོམ་པར་བྱ།། རྡོ་རྗེ་འཇིགས་པའི་འོད་ཟེར་གྱིས།། ཞེ
112b3 བཅོ་ཀྱང་རྒྱངས།། ནམ་མཁའི་དབྱིངས་ཀྱི་དཀྱིལ་གནས་པར།། རིན་ཆེན་མཁའ་འགྲོ་བསྒོམ་པར་བྱ།། རིན་ཆེན་འབར་བའི་འཕྲོ་འདུ་ཡིས།། ཡི་དགས་སྒྲིབ་པ་སྦྱང་བར་བྱ།། ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར།། པདྨའི་མཁའ་འགྲོ་བསྒོམ་པར་བྱ།།
112b4 པདྨ་འབར་བའི་འོད་ཟེར་གྱིས།། འདོད་ཆགས་མི་ཡི་གནས་རྣམས་སྦྱངས།། ནམ་མཁའ་དབྱིངས་ཀྱི་དཀྱིལ་གནས་པར།། ལས་ཀྱི་མཁའ་འགྲོ་བསྒོམ་པར་བྱ།། རྡོ་རྗེ་རྒྱ་གྲམ་འཕྲོང་དུ་ཡིས།། ངདརྒྱལ་ཕྲག་དོག་ལྷ་མིན་སྦྱངས།། ནམ་མཁའ་དཅིངས་ཀྱི་དབུས
112b5 གནས་པར།། དེ་བཞིན་མཁའ་འགྲོ་བསྒོམ་པར་བྱ།། འཁོར་ལོའི་འོད་ཟེར་འབར་འབྲོས་པས།། གཏི་མུག་ཀྱོལ་མོ་རིགས་རྣམས་སྦྱངས།། ཨུ་མི་ལས་སྐྱེས་པ་ཡི།། བུ་མོ་རབ་ཏུ་མངས་པ་ནི།། པད་ཅན་དུང་ཅན་གྲང་སྡེ་ཅན། རི་དགས་ཅན་དངའི་སོཅང།
112b6 བྷིབྱིན་བརླབ་དབང་བསྐུར་མཉམ་འདོད་པས།། རླུང་དང་ཤེས་པ་ཉིད་འཛིན་གྱིས།། བདེ་བ་ཆེན་པོ་སྐྱེད་བྱེད་པ།། བཅུ་དྲུག་དངས་ཤེས་ཏིང་འཛིན་གྱིས།། བདེ་བ་ཆེན་པོ་སྐྱེད་བྱེད་པ།། བཅུ་དྲུག་དགའ་བ་མྱོང་བར་བྱ།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བུད
112b7 རིགས་ཀྱི་དངོས་གྲུབ་འདིས།། མཁའ་འབ་སྤྱོད་པའི་གནས་སུ་འགྲོ།། གསང་སྔགས་གསང་བའི་མཛད་སྤྱོད་ནི།། ཐབས་ཆེན་ཟླགས་ཐིག་ལེ་ཡིན།། མ་མོ་སྲིད་པའི་ཐུགས་ཐིག་ལེའི་རྒྱུད་ལས། མཚོའི་རང་བཞིན་དབྱིངས་སུ་བསྟན་པ་དང་པྲ་མོའི་ཏིང་ངེས་འཇོ་ཇོག།




iiif viewer powered by OpenSeadragon

112a - 113a

Texts on this page

Gdg023.9 - ma mo srid pa zla gsang thig le'i rgyud