| | e-texts navigator
|
108b1 བདུན་དུ་ནག་པར་འགྱུར།། གསང་བ་གཏན་ཚིགས་ཞེས་བྱའོ།། མ་མོ་འདུས་པའི། ཎྜ་རྫོགས་སོ།། ། རྒྱ་གར་སྐད་དུ། མནྟྲ་ཨ་ལང་ཟླར་བུ་རྒྱ་ཏི་ལ་ཀ་ཏཿ། འད་སྐ་དུ། མ་མོ་སྲིད་པ་ཟླ་གསང་ཐིག་ལང་བྱུང་། དབང་འ་ཐམས
108b2 དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། འོག་མིན་གྱི་གནས་ཁྱབ་གདལ་ཆེན་པོ། བདེ་བ་ཅན་དང་པདྨ་ཅན་དུ་ཐུབ་པ་མོས་པ་ཅན་དུ་སྣང་བར་བྱེད་པ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང
108b3 པོ་ཟ་མེད་ཏེ་ནྱ་ཀ་དེ་ནི། ནམ་མཁའ་ཆེན་པོ་མི་གནས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་རྩལ་པོ་དང་། གང་ཡང་མ་འགགས་ཀུན་སྣང་ཆེན་པོ་དང་། མ་གསུངས་པ་གསུང་བའི་གསུང་བ་ཆེན་པོ་མཛད་པ་དང་། གསེང་མཆོག་བདག་པོ་བླང་ན
108b4 དུ་ན་ཐ་ས་ས་སྨྱེ་པ་སྤྱ་དུས་གསུམ་པ་ས་ས་ན་ས་པ་གས་པ། དན་མ
108b5 ས་། ན་ཉིད།། སྟོང་པ་ད་ས་ད་བ་ད་འི་ང་ས
108b6 པ་དང་། ལས་ལས་གྲུབ་པ་དང་། ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་དང་། དམ་ལ་གནས་པ་དང་། བཀའ་ལ་བཏགས་པ་དང་། མོས་པས་འདུལ་བ་དུ་མ་དང་བཅས་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་གྱི་བྷ་ག་ལས་སྐུ་བཞེངས་ནས་ཞལ
108b7 འཛུམ་པ་མཛད་ནས། བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས་པས་འཁོར་འདུས་པ་ཐམས་ཅད་ཀྱང་ལ་ལ་ནི་སྐད་ཅིག་ཏུ་དགའ་བ་བཞི་ཉམས་སུ་མྱོང་། ལ་ལ་ནི་གྱིའི་གནས་བཞིར་དགའ་བ་སྐྱེས། ལ་ལ་ནི་ནང་གི་གནས་བཞིར་དགའ་བ་སྐྱེས། ལ་ལ་ནི་རྣམ་ཏོགས
iiif viewer powered by OpenSeadragon
108a - 109a