| | e-texts navigator
|
108a1 ཡར་ལ་ཤད་ཀྱི་སྐྱེས་ཏོ་རལ་བསྔའོ།། དེ་ནས་འཇག་མ་ལ་གཟུགས་བྱས་ལ་དགྲ་བའི་མིང་རུས་བྲིས་ལ་གཟུགས་ཀྱི་སྙིང་གར་བླ་ནན།། ཟས་ལ་ཟ་བའི་རྒྱལ་བྱད་དུ་གཟུག་གོ།། ཛ་དོད་དྲག་ཏུ་འབོད་དོ།། དེ། བྱས
108a2 འཆི་བར་འགྱུར་རོ།། རུས་པ་སྣ་ཚོགས་བསྡུས་ནས་གཤིན་རྗེ་ལ་བསྔོས་ནས་ཡས་སྟགས་དེའི་གསེབ་ཏུ་ཁམས་ལ་དགྲ་བོའི་གཟུགས་བྱས་ལ་མིང་རུས་བྲིས་ཁ་བུབ་ཏུ་བསྟན་ལ་འདའ་འགེངས་པའི་ཚུལ་དུ་བྱའོ།། ཅི་ཡང་རུང་བའི་ཞིང་ལྤགས་བསྐོ་རྣ་ལ་གཤི་ནག་པོ
108a3 སྔགས་ཀྱིས་གདགས་སོ།། དེས་ཐེར་འཆིའོ།། མི་ནོར་དུ་བཏགས་པའི་གཟུགས་བྱས་ལ། ས་ལ་ཨུ་མ་དེ་ཝའི་གཟུགས་བྱས་ལ། ཨུ་མ་དེ་ཝའི་སྟེང་དུ་བསྐྱོན་ལ་འདོད་ཆགས་སྤྱོད་པའི་ཚུལ་དུ་བྱའོ།། མ་ཨེ་བ་ནི་ཟན་ཙམ་ནི་ཕཊ། བྱ་བའི་སྔགས་ཀྱིས་ག
108a4 པའོ།། མཁལ་སྐེད་ན་བ་དང་། ཕོ་མཚན་སྤངས་པ་དང་། ཆུ་འགགས་ནས་འཆིའོ།། དུང་གསེར་གཡུ་དང་བསྲེ་དང་མཚལ་ལ་སོགས་པའི་ཡས་སྟགས་སྣ་ཚོགས་པ་དང་དགྲ་པོའི་མིང་རུས་བྲིས་ལ། ར་ཏི་ཚ་རའི་པགས་པས་གཏུམས་ལ་སྭ་ཏི་ས་ལ་མ་རན
108a5 བཟླས་ཏེ་དེ་ལ་གདབ་པར་བྱའོ།། དེས་ནི་མྱུར་དུ་འབོག་པར་འགྱུར་རོ།། བསེ་དང་དྲང་དང་ལྕགས་དགྲ་བོའི་མིང་བསྲེས་ཏེ་རྫ་ནག་པོའི་ནང་དུ་བཅུག་ལ། བ་ཏ་མ་ནའི་སྔགས་ཀྱིས་བཏབ་ལ་བོས་ཤིང་གཏད་ན་རྦབ་དང་གཡང་དུ་འགྲོའོ།། ཆོ་ག་བྱེད་པའི་དུས་སུམ་བདུན
108a6 ཀྱི་ཆས་སུ་ཞུགས་ལ་རོ་ཁྲག་གིས་བྱུགས་ཏེ། བདག་ཉིད་དབང་ཆེན་ཏིང་འཛིན་ནམ་ལུམ་མུ་ཁ་ལེའི་ཏིང་འཛིན་དུ་ཞུགས་ལ། གཞུང་བཞིན་བསྐུལ་ལ་ལས་བཅོལ་ལོ།། ཕོ་རིགས་ཕྱི་མལ་ལས་བཅོལ་ཞིང་གཏད་པ་ཡོད་ན་འཁུ་ལྡོག་ཆེ་ལ་རྒྱང་འགྱུར་བས་འདིར་མ་གསུངས་སོ།།
108a7 དགྲ་གོ་བདུད་ནག་པོ་ལ་གཏད་པའི་ལེའུ་སྟེ་བརྒྱད་པ་།། ། ཆུ་སྲིན་པིར་གྱི་ཁ་ནང་དུ།། གྲེ་བར་རིན་ཆེན་སོང་བལྟར།། བསྐལ་པར་བཞག་ཀྱང་མི་གཏོང་ངོ་།། རྨོངས་པ་འཕྱར་བས་བྱིན་གྱུར་ན།། དུས་མེད་པར་ནི་སྲོག་ཟད་ནས།། བསྐལ་པ
iiif viewer powered by OpenSeadragon
107b - 108b