| | e-texts navigator
|
106a1 ཡན་ལག་བསྡུས་ཏེ་\ུ0f7f་ཡིས་བསྡམ།། སྨན་མོ་ལྔ་བཅཝརྩ་གསུམ་ཡང་།། ཤང་ཀུན་དག་ལ་གཟུགས་བྱས་ལ།། དང་ངཏ་ལ་རྒྱད་པས། གདགས།། ཡ་ཤས་རྣམ་བཅུ་བན་ཡང་།། ཆ་མཆག་སུང་བ་རྣམས་ནས་ན།། མན
106a2 ལུས་བསྣོལ་ཏེ་གདན་དུ་གདིང་།། དེས་ནི་ངན་སྔགས་ཟློག་པར་འགྱུར།། དེས་ཀྱང་ལས་རྣམས་མ་གྲུབ་ན།། བརྟགས་ཏེ་རྩ་བ་གང་ཡིན་ལ།། ཤོག་ཤོག་དག་ལ་གཟུགས་བྱས་ལ།། མཆོག་གི་ཕུར་བ་དག་གི་བརྡེག། སྨན་མོ་ལྔ་བཅུ་རྩ་གསུམ་ཡང་།།
106a3 འཇག་མ་དག་ལ་གཟུགས་བྱས་ལ།། ཟངས་ཀྱི་ཕྲར་པ་དམར་པོས་གདབ། དབུས་ཀྱི་མ་མོ་ནམ་གསུམ་ཡང་།། ཞིང་གི་ཤུན་པའི་རས་མ་ལ།། ཁྲག་དང་མཚལ་གྱི་གཟུགས་བྱས་ལ།། གསེར་རམ་སེར་པོའི་ཕུར་བ་གདང་།། དེས་ནི་ངན་སྔགས
106a4 ཟློག་པར་འགྱུར།། གལ་ཏེ་ལས་སུ་མགྱུར་ན།། དབུས་ཀྱི་ཆེ་མཆོག་ཡབ་ཡུམ་གཉིས།། སྐྲ་ཚིལ་དག་ལ་གཟུགས་བྱས་ནས།། ལྕགས་སམ་ནག་པོའི་ཕུར་པ་ཡིས།། ཐུགས་ཀ་ཉིད་དུ་གདབ་པར་བྱ།། ལས་རྣམས་འབབ་པར་གདོན་མ་ཟ།
106a5 ཀཱི་ལ་ཡ་ཡི་སྔགས་བརྗོད་ནས།། ཆོས་ཉིད་དབྱིངས་སུ་འདུབ་པར་བྱ།། ཆེ་མཆོག་ཏུགས་ཀྱི་ཕྱག་རྒྱ་ཡིས།། འགྱུར་མེད་དབྱིངས་སུ་ཕྲར་པས་གདབ།། ངན་སྔགས་པར་བཟློག་པའི་ལེའུ་སྟེ་ལྔ་པའོ།། ། གནོད་འདུལ་ལྷ་ཡིས་ཡང་གས་།
106a6 པ།། དེ་ལྟར་བར་བུ་བཟློག་ནས་ནི།། སྔོན་དུ་སྔགས་ཀྱི་སྔགས་གཟེར་དེས།། ཚེ་སྲོག་ཉམས་པ་ཇི་ལྟར་གསོ།། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། སྔོན་དུ་སྔགས་པའི་སྔགས་གཟེར་དེས།། ཚེ་སྲོག་ཉམས་པ་གསོ་བའི་ཕྱིར།། གསོ་བའི
106a7 གངས་བསྟན་གྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། སྟེགས་བུ་འདོམ་གང་གྲུ་བཞི་ལ།། འཁོར་ལོ་རྩིབས་བརྒྱད་དེ་དབུས་སུ།། པདྨ་ཆེན་པོ་འདབ་བརྒྱད་བྲི།། པདྨ་ཆེན་པོ་དེ་དབུས་སུ།། རིན་ཆེན་འབར་བ་ཟུར་བརྒྱད་བྲི།། དེ་དབུས་ཟླ་ག་མ།
iiif viewer powered by OpenSeadragon
105b - 106b