| | e-texts navigator
|
105b1 ནས་ནི།། སྐྲ་བཤིག་མི་གནས་མཆི་མ་ཕྱུང་།། ད་ཕྱོགས་ཉིད་དུ་བསྟན་པས་ནི།། ང་རོ་དག་རྔུ་བཟླས་ནས་ཀྱང་།། གཡས་པའི་ཕྱག་ཏུ་སྡིགས་མཛུབ་ཀྱིས།། སྔགས་འདི་དག་ཏུ་བཟླས་ལ་བཛྲག། སྙིང་ལ་བདག་ལྡན་ཤ། རལ་པོ་ལག་འཐུང་ཀ
105b2 ཡང་ཏ་ས་རལ་ཧོ།། ཤལ་གྱི་སྤྱད་ལ་ཧེ་ཀྲ་ཧེ། བཛྲ་བཎྜ་དྷོ་རུ་ལུ་རུ་ལུ། ཤ་ཁྲག་སྐམས་པའི་ལེའུ་སྟེ་བཞི་པའོ།། ། གདོད་འདུལ་ལྷ་ཡིས་ཡང་གསོལ་པ།། དམ་ལས་འདས་པའི་སྔགས་གཟེར་དང་།། འཇིག་རྟེན་མཚན་མ་གྲོལ་བ་དང་།
105b3 རྫུ་འཕྲུལ་དྲག་གཡོས་ན།། ངན་སྔགས་རྫུ་འཕྲུལ་ཇི་ལྟར་བཟློག། རྫོགས་སངས་རྒྱས་ལ་བདག་ཉན་འཚལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། ངོ་མཚར་ལྷ་ཡིས་བཀའ་སྩལ་པ།། དམ་ལས་འདས་པའི་སྔགས་གཟེར་དང་།། འཇིག་རྟེན
105b4 མཚན་མ་བྱོལ་བ་དང་།། དྲེགས་མྱོས་པ་ཡི་རྫུ་འཕྲུལ་དག། བཟློག་པའི་ལས་རྣམས་ངས་བསྟན་གྱིས།། ཉོན་ཅིག་གཡུང་དྲུང་ཡང་དག་པ།། ངན་སྔགས་པར་བུ་བཟློག་པའི་ཕྱིར།། གཏན་ཚིགས་མན་ངག་འདི་གསུངས་སོ།། བ་ཀོ་འདྲ་བའི་མཎྜལ་བྱས
105b5 འཇིག་རྟེན་མཚན་མ་བྱོལ་བ་དང་།། མཎྜལ་མཆོད་པ་གཞུང་བཞིན་བྱ།། སྭཙྪ་ཙ་ཏི་མང་དུ་གདབ།། ཕྱི་ཡི་བཤགས་པ་གཞུང་བཞིན་བྱ།། དེ་ནས་གསང་བའི་མཚམས་ཀྱང་བཅད།། དེ་ནས་དཀྱིལ་འཁོར་གཞུང་བཞིན་བྱ།། ནང་གི་ཆུ་པ་སརྦ
105b6 བཏང་།། བསྐང་གསོ་སྡང་སྐོང་གྲངས་ཀྱིས་གདོན།། བསྐང་བའི་གནས་ལྔ་གཞུང་བཞིན་བྱ།། མ་ཧཱ་ཤཱནྟིཾ་མཆོད་པར་བྱ།། མ་མོར་གྱུར་པ་ཀུན་ཀྱང་བསྐང་།། ཡོ་བྱད་ནག་པོ་གཞུང་བཞིན་བཏང་།། རྟགས་དང་མཚན་མ་ཞིབ་ཏུ་བརྟགས།། རྟགས་དང་མཚན
105b7 མ་ཟིན་པ་དང་།། སོང་ཟློག་ཆོ་ག་གཞུང་བཞིན་བྱ།། དེས་ནི་མཚན་མ་བཟློག་པར་འགྱུར།། དེ་ནས་བསྐྱར་ཏེ་ཡང་གསུངས་པ།། བསྐང་བ་དེས་ཀྱང་མ་སྐོང་ན།། དབང་གི་རྒྱལ་མོའི་སྲང་བསྒོམས་ལ།། རྩ་བ་གང་ཡིན་མ་མོ་དེ།། ཀུ་ཤ་ལ་ནི་གཟུགས་བྱས་ལ།།
iiif viewer powered by OpenSeadragon
105a - 106a