e-texts navigator
Collection
Volume
Page
Wylie

104b1 ཀཱང་དུང་དྷར་བཅུག་ནས་ནི།། འོག་ཏེ་སྦྱིན་ཕྱོགས་དག་ཏུ་བསྟན།། དུར་ནག་པོའི་རྟ་རྐང་བསྡམ།། གོང་མའི་ལས་རྣམས་བསྒྱུར་ལ་བྱ།། དེས་ནི་མཚན་མ་འབྱུང་བར་འགྱུར།། དེས་ཀྱང་མཚན་མ་མགྷ་།། ། འདའ་རབ་ཉིད་སྲོག་པ་ལ།། མཎྜ་ལ་པི་དཿ།
104b2 གྱིས་དགེ།། ཨ་ཏི་ར་ཡི་ཐག་པས་བཅིངས།། ད་ར་བ་ཏི་རྒྱུད་པས་གདགས།། པྲ་མ་ཏི་ཡི་དུད་པས་བདུག། འཇིག་ཤ་ཤིང་ལ་བཏགས་ནས་ཀྱང་།། དད་ལ་ཕྱར་ཏེ་སྔ་མིག་བལྟ།། ཨ་ཏ་ར་ཡི་ལྕགས་ཀྱིས་ཟབ།། རྡ་ནཱ་ཏི་ཡི་དྲུད་པས་བདུག།
104b3 མ་ཏིའི་མདའ་ཡིས་བརྡེག། གྲ་པར་ཡི་མགུལ་ཏུ་བཏགས།། མ་ལ་ཏི་ཡི་མདོམས་ནས་དབྱུང་།། ས་འབར་མཱ་ཡི་སྙིང་པོ་བཟླས།། རྣ་མཉན་ཕྲ་མའི་གཟུགས་ཟིས་ལ།། ལྷ་དང་མི་ཡི་བར་དུ་གཞུག། མ་ར་ཎ་ཡི་སྔགས་ཀྱིས་དབྱེ།། མཚོན་ཆའི་ཕྱག་།
104b4 བཅས་ནས་ས།། གཟུགས་པ་རྣམ་པར་བརྡེག་པར་བྱའོ།། རཀྵ་ཏྱའི་ཇག་སྔགས་ཀྱིས་གདབ།། ལྕགས་ཀྱུའི་ཕྱག་རྒྱ་གཉིས་བཅིངས་ནས།། ཨཾ་ཀུ་ཤ་ཡེ་སྔགས་ཀྱིས་དྲང་།། ཞགས་པའི་ཕྱག་རྒྱ་གཉིས་བཅིངས་ནས།། པཱ་ཤ་ཧཱུཾ་གི་སྔགས་ཀྱིས་བཅིངས།
104b5 ལྕགས་སྒྲོག་ཕྱག་རྒྱ་གཉིས་བཅིངས་ནས།། སྥོ་ཊ་བཾ་ཀྱི་སྔགས་ཀྱིས་བསྡམ།། དྲིལ་བུའི་ཕྱག་རྒྱ་གཉིས་བཅིངས་ལ།། གྷཎྜེ་ཧོ་ཡི་སྔགས་ཀྱིས་གདབ།། བདག་ཉིད་དབང་ཆེན་སྲུར་བསྒོམས་ཏེ།། སློབ་དྲུག་རྣམས་གནད་ལ་གདབ།། གོང་མའི་ལས་རྣམས
104b6 བརྒྱར་ལ་བྱ།། དེས་ནི་མཚན་མ་འབྱུང་བར་འགྱུར།། དེས་ཀྱང་མཚན་མ་མ་བྱུང་ན།། འདའ་ད་པི་ཏིའི་སོག་པའ།། ནུ་ཏ་ན་ཡི་ཁྲག་གིས་བྲིས།། འདའི་ན་ནག་ནི་ས་དོང་དུ་གཞུག། ཆེ་མཆོག་ཡབ་ཡུམ་བསྒོམས་ནས་ནི།། སྨན་མོའི་སྔགས་དང་ཕྱག་རྒྱས།།
104b7 དབ།། བསྐུལ་བའི་ཕྲིན་གྱིས་གཞུང་བཞིན་བྱ།། ཉེ་འབྱེད་ཀྱི་ལེའུ་སྟེ་གསུམ་པའོ།། ། གནོད་འདུལ་ལྷ་ཡིས་ཡང་གསོལ་པ།། བསྟན་པ་གཉེན་པོ་འཇིག་བྱེད་ཅིང་།། ལུ་གུ་རྒྱུད་ལས་འགལ་བྱེད་པ།། སེམས་ཅན་ཀུན་ལ




iiif viewer powered by OpenSeadragon

104a - 105a

Texts on this page

Gdg023.8 - gsang ba gtan tshigs zhes bya ba ma mo 'dus pa'i tan tra