| | e-texts navigator
|
86a1 རྒྱ་གར་སྐད་དུ། ཀཱི་ལ་ཡ་གུ་ནྱ་སཱ་ཤ་ཡ་མབྷྱཿ། བོད་སྐད་དུ། ཕུར་བཔ་གསང་བའི་དགོངས་རྒྱུད་ཆེན་པོ། བཅོམ་ལྡན་འདས་རིགས་ལྔ་བད་བར་གཤེགས་པ་ཐམས་ཅད་ཀྱི་སྲས་འཇིགས་ཀྱང་ཅན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་འདས
86a2 གིས་ཐོས་པའི་དུས་གཅོག་ན། བཅོམ་ལྡན་འདས་ཁྲོ་བོ་འཇིགས་བྱེད་ཀྱི་རྒྱལ་པོ་བཛྲ་ཀཱི་ལ་ཡ་དྲག་པོ་མཐིང་ནག་འབར་བའི་ནང་ནས་བཞེངས་ནས། གདུག་པ་ཅན་ཐམས་ཅད་འདུལ་བ་དང་། དྲེགས་པ་ཅན་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་ཐམས་ཅད་ཚར་གཅད
86a3 པའི་གྱི་རབ་ཏུ་དྲག་པོ་མི་གཡོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཆོས་ཉིད་ཞི་བས་འདུལ་བའི་སྐབས་ལམ་པ་བསྟེ། ཐབས་མཁས་པའི་སྐུ་དྲུག་པོའི་ཕྲིན་ལས་ཀྱིས་འདུལ་བར་གཟིགས་ནས། སྐུ་རབ་ཏུ་ཁྲོས་པ་མི་བཟང་བར་བསྟན་པའི་ཕྱིར། སུ་གསུང་ཐུགས་ལས
86a4 གསང་བའི་སྔགས་འདི་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། སརྦ་བིགྷྣཱཾ་བི་ཧཱུ~ཾ་ཕཊ། ཅེས་བརྗོད་པས། རབ་ཏུ་ཁྲོས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཇལ་དབུ་དགུ་ཕྱག་བཅཝ་བརྒྱད། ཞབས་བགྲང་བཔ། སྤྱན་བཟློག་པ། མཆེ་བ་གཙིགས་པ།
86a5 སྐུ་གསུང་ཐུགས་ཤིན་ཏུ་མི་བཟད་པ་གཅིག་ཏུ་གྱུར་ཏོ།། རབ་ཏུ་མི་བཟད་པའི་ཐུགས་ཀ་ནས། ཐུགས་ཡེ་ཤེས་ཀྱི་ས་བོན་ལས། གསང་བའི་སྔགས་འདི་ཕྱུང་ངོ་།། ཨེ་རཾ་ཡཾ་ཁཾ། ཨེ་རི་ལཾ་སུ་ཀཾ། བྷྲཱུ~ཾ་བྷརྦྷ་བྷྲཱུཾ། ཞེས་འདི་ལྟ་བུའི་ཆོ་འཕྲུལ་གྱི་སྡང་བ་ཆགས་ཤིང་། ཡེ་ཤེས་ཀྱི
86a6 འཕྲུལ་དུ་བསྒྱུར་ཏོ།། ཉིད་ཀྱིས་བྱིན་གྱིས་བརླབས་ནས། ཀརྨ་ཤྲཱི་ཧེ་རུ་ཀ་ཞེས་བརྗོད་པས། ཁྲོ་བོ་ཀརྨ་ཧེ་རུ་ཀ་སྐུ་མདོག་ལྡང་ནག། སྤུ་ཤིན་ཏུ་མི་བཟད་པ་འཐོན་ཏོ།། དེ་ནས་ཁྲོ་བོ་ཀརྨ་ཧེ་རུ་ཀས། བཅོམ་ལྡན་འདས་བཛྲ་ཀཱི་ལ་ཡ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ།། བ
86a7 ལྡན་འདས་བཛྲ་ཀཱི་ལ་ཡ། དབྱང་ཐག་ཆད་པའི་ངན་སོང་འཁོར་བ་ལ།། ཐུགས་རྗེས་བཟུང་ནས་ཚོ་འཕྲུལ་བསྟན་པ་འདི།། འདི་ལྟ་བུ་ཡི་ཚེ་འཕྲུལ་ངོ་མཚར་ཆེ།། འདི་ཡི་རྗེས་སུ་བགྲུབ་པའི་རྣལ་འབྱོར་པས།། སྟོང་པའི་རིན་རྟོགས་ཇི་ལྟར་ལགས།། ཨེ་ཞེས་བྱ་བ་ཇི་ལྟར
iiif viewer powered by OpenSeadragon
85b - 86b