| | e-texts navigator
|
85b1 ནས་སུ་གསོར་ཞིང་། འདི་སྐད་ཅེས་དམ་བཅས་སོ།། ཨེ་མ་ཧོ།། བདེ་གཤེགས་ཀུན་གྱི་གཙོ།། ཀུན་གྱི་དོན་བསྡུས་ཏེ་རྡོ་རྗེ་གསང་བརྒྱད་འདི་ལ། བདག་ལ་སོགས་པས་ད་ལྟ་ཕྱིས་སྤྱོད་པས། ལམ་གྱི་ནད་ན་ཉེ་འམ་དམ་པ་བགྱིས་ཏེ། གང་དག་བལྟ་བ་ལ་དང་བས་རྒྱང་འདིའི་བལྟ་བའི་ལམ
85b2 བལྟ་བར་བགྱིའོ།། གང་དག་སྤྱོད་པ་ལ་དགའ་བས། རྒྱུད་འདི་ཉིད་ཀྱི་སྦྱོང་བའི་ལམ་ལ་མངོན་པར་སྤྱོད་པར་བགྱིའོ།། གང་དག་སྒྲུབ་པ་ལ་མོས་པས། རྒྱུད་འདི་ཉིད་ཀྱི་སྒྲུབ་པའི་ལམ་ལ་མངོན་པར་བསྒྲུབ་པར་བགྱིའོ།། གང་དག་ཕྲིན་ལས་ལ་གུས་པས། རྒྱུད་འདི་ཉིད་ཀྱི་ཕྲིན་ལས་ཀྱི་ལམ་ལ
85b3 ཕྲན་ལས་སུ་བྱའོ།། གང་དག་དཀྱིལ་འཁོར་བརྩམ་པས། རྒྱུད་འདི་ཉིད་ཀྱི་དཀྱིལ་འཁོར་གྱི་ལམ་ལ་མངོན་པར་རྟོགས་པར་བྱའོ།། གང་དག་དབང་ནོད་པར་སེམས་པས། རྒྱུད་འདི་ཉིད་དབང་གི་ལམ་ལ་མངོན་པར་ནོད་དོ།། གང་དག་དམ་ཚིག་བསྲུང་བའི་སེམས་ཡོད་པས་རྒྱུད་འདིའི་དམ་ཚིག་གི་ལམ་ལ
85b4 མངོན་པར་དཀའ་ཐུབ་ཏུ་གནས་པར་བྱའོ།། གང་དག་ཏིང་ངེ་འཛིར་ལ་མཉམ་པར་འཇོག་པར་འདོད་པས། རྒྱུ་འདིའི་ཏིང་ངེ་འཛིན་གྱི་ལམ་ལ་མངོན་པར་བསྒོམ་པར་བྱའོ།། འོན་ཏང་ན་བདག་དང་ཀྱིས་འབྱུང་བའི་རྣལ་འབྱོར་རྣམས་ཀྱིས། རྡོ་རྗེ་གསང་བའི་རྒྱུད་འདིའི་ཆོས་ཀྱི་སྲོག་ཤིང་མངོན་པར་གཟུག་གོ།། ཆོས
85b5 ཀྱིརྔ་མངོན་པར་རྡུང་ངོ་།། ཆོས་ཀྱི་དུང་མངོན་པར་འབུད་དོ།། ཆོས་ཀྱི་ཆར་མངོན་པར་དབབ་པོ།། ཆོས་ཀྱི་འཁོར་ལོ་རྒྱུན་འཆང་མེད་པར་བསྐོར་བ་སྟེ། མི་ནུབ་པའི་རྒྱལ་མཚན་ཆེན་པོར་གནས་པར་བགྱིའོ།། ཞེས་དམ་བཅས་སོ།། དེ་ནས་འདུས་པའི་འཁོར་རྣམས་ཀྱིས། ཆོས་ཉིད་ལ་ཆོས་ཉིད་ཀྱི་རྡུལ་བསྡམས
85b6 བཅོམ་ལྡན་འདས་ཉིད་ཀྱི་སྐུ་གསུང་ཐུགས་ལ་ཞུགས་ཏེ། མི་སྣང་བར་གྱུར་ཏོ།། བཅོམ་ལྡན་འདས་ཉིད་ནི་དགོངས་པ་ཆོས་ཀྱི་དབྱིངས་ལ་མནལ་ལོ།། རྒྱུད་ཀྱི་དོན་བསྡུས་པ་དེ་དག་ནི་རིན་པོ་ཆེན་པོ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་བྲིས་ནས། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་གསུམ་གྱིས། སྲི
85b7 པ་གསུམ་དུ་ཆོས་ཀྱི་ཆར་མངོན་པར་བབ་པས།། སྒྲ་དང་ཀླུ་དང་མེའི་རྣལ་འབྱོར་རྣམས། ཆོམ་བུའི་ལས་ལམ་ཆགས་པར་རི་། འཛིན་བྱང་ཆུབ་ཀྱིས་བླངས་སོ།། རྡོ་རྗེ་ཕུང་པ་གསང་བའི་རྗེད་ཆེན་པོ་ལས། རླུད་ཡོངས་སུ་བཟུང་ཞི་གཏང་བའི་འདུ་བྱེ་བནི་དུ་རྒྱ་བཞིབའོ།། རྔ་རྔ་རུ་རང་གས་པའི་བྱུད་ཆེན་།།
iiif viewer powered by OpenSeadragon
85a - 86a