e-texts navigator
Collection
Volume
Page
Wylie

84b1 འགྱུར་ཏེ། ཛ་ཙའི་ཕྱིར་ཞེ་ན། འགྲོ་བ་རྣམས་གསང་བ་འདི་ཉིད་ཀྱི་སྣོད་དུམ་གྱུར་པའི་ཕྱིར་རོ།། རྡོ་རྗེ་འདུས་པ་གསང་བའི་རྒྱུད་ཆེན་པོ་ལས། བཅངས་ཤིང་བསྐུར་བའི་སྤྱན་ཡོན་དང་། དུས་གསུམ་གྱི་སངས་རྒྱས་གང་གིས་ཟུང་གང་ལ
84b2 གསུངས་པ་ཞུས་ལན་དུ་བསྟན་པའི་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། ། དེ་ནས་ཡང་འདུས་པའི་འཁོར་ཆགས་དང་། འཇིག་རྟེན་པའི་ཆོས་ཉན་པའི་འཁོར་རྣམས་ཀྱིས། མཚང་པ་དྲི་མས་ནི་མངོན་པར་མཛད་ཅིང་ལན་སྟོང་དུ་བཅང་མག་བ
84b3 ནས། འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། བཞི་བཅོམ་དྲུག་ལྡན་འཁོར་བ་མྱ་ངན་འདས། བདག་གཞན་གཉིས་ཀྱི་དཔལ་མངའ་ཞིང་།། ཕྱིན་ཅི་ལོག་བཞི་སྤངས་པས་ཁྱད་པར་མཐུ་བྱིན་ཆེ།། གཟུང་འཛིན་རྣམ་སྤངས
84b4 མ་གཡོས་རྡོ་རྗེ་དེ།། དོན་རྟོགས་དྲང་དོན་ངེས་པའི་དོན་ཁྲོས་པའི་སྐུ་གསུང་ཐུགས།། སྟོན་པའི་བདག་ཉིད་དེ་ལ་ཕྱག་འཚལ་བསྟོད།། ཨ་མ་ཧོ། དགྱེས་པ་ཆེན་པོ་ཡུམ་གྱི་མཁའ་ཀློང་ནས།། དུས་གསུམ་འདུ་འབྲལ་མེད་པར་སྦྱོར།། གཉིས
84b5 མེད་ཐིག་ལེ་བྱང་ཆུབ་དག་པའི་སྐུ།། གཉིས་མེད་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ལས།། བཀའ་ཡི་འཁོར་ལོ་གསང་བའི་འཁོར་ལ་བསྟོད།། ཨེ་མ་ཧོ། སངས་རྒྱས་ཀུན་གྱི་ཐུགས་ཀྱི་ཐུགས།། མི་ནུབ་ཚེས་སྲོག་དབང་པོ་འཛིན་བྱང་བ།
84b6 སྨྲ་བའི་སེང་གེ་ཞུ་བའི་སྤོབས་པར་ལྡན།། སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྡོ་རྗེ་ཉིད་ལ་འདུས།། རྡོ་རྗེ་འདུས་པ་དེ་ལ་ཕྱག་འཚལ་བསྟོད།། ཨེ་མཧོ། སྐུ་གསུང་ཐུགས་ཀློང་གསུང་གི་ཆོས་མཆོག་བདུད་རྩི་ཆེ་དང་མཚུངས།། རྒྱུད་དང
84b7 ལུང་དང་མན་ངག་ཀུན་གྱི་མཛད་དུ་བཞུགས།། འདས་དང་མགྱོན་དསྟན་ལ་འབྱོར་བཟོད་པའི་ལམ།། ཐེག་པ་ཅན་ལས་འཕགས་པས་འོག་མཐིལ་གྱིས་གནོན།། དོན་དམ་བདེན་པའི་མཛོད་ནི་དམིགས་པའི་སྔོན་མར་སྡང་།། བསྟན་པ་རྒྱ་མཚའ་ཆས




iiif viewer powered by OpenSeadragon

84a - 85a

Texts on this page

Gdg022.1 - rdo rje phur pa gsang ba'i rgyud chen po