| | e-texts navigator
|
84a1 པ་འདི་ཡི་སྡོད་དུ་གྱུར་པ་མེད་པའི་ཕྱིར་རོ།། དེ་བཞིན་དུ་སྔར་འདས་པའི་སངས་རྒྱས་བྱེ་བ་ཕྲག་ཟུགས་རྩ་བཞིས་ཀྱང་གསང་བའི་ཐེག་པ་འདི་མ་བཤད་དོ།། སྔོན་ཐོག་མའི་འསྒྲལ་བ་ཀུན་བཀད་ཅེས་བྱ་བ་བྱུང་བ
84a2 སངས་ཀྱིས་སྔོན་བྱང་གི་རྒྱལ་པོ་བྱ་བ་དེའི་བསྟན་པ་ལ་རྒྱ་ཆེར་བསྒྲགས་ཏེ། ངེས་པའི་དོན་རྒྱ་ཆེར་སྤྱོད་དོ།། དེའི་ཚེ་འགྲོ་བ་རྣམས་གསང་བའི་ཐེག་པ་འདི་ལ་ཤིན་ཏུ་དང་བར་གྱུར་ཏེ། རྣམ་པར་གྲོལ་བའི་ལམཆེན་པོ་ལ་བཀོད་དོ།། རྡོ་རྗེ་འདུས་པ་ཆེན་པོ། ང་ལྔར
84a3 བརྟན་པ་འདི་ཉིད་ཀྱང་། ལུང་བསྟན་པའི་དང་བ་ཅན་ནེ། ལྷ་གནས་སུ་ནི་ལྷའི་དབང་པོ་བརྒྱ་བྱིན་ལ་སོགཔས་སྤྱད་པ་ལ། ཀླུའི་གནས་སུ་ནི་བུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ལ། འཇམ་དཔལ་དང་ལྷན་རས་གཟིགས་ཀྱིས་ལང་བསྟན་ཅིང་རྒྱ་ཆེར་གྲགས་པར་འགྱུར་ལ།
84a4 གནས་སུ་ནི་ཛམ་བུའི་གླིང་གི་རྒྱལ་པོ་ཛ་ཞེས་བྱ་བ་ཚོགས་བསགས་པ་དེ་ལ། རིམ་ལ་ཡ་ཞེས་བྱ་བར་ཕྱག་ན་རྡོ་རྗེས་ལུང་བསྟན་ཅིང་། དེས་ནི་མིའི་གནས་སུ་རྒྱ་ཆེར་སྤྱོད་པར་འགྱུར་རོ།། དེ་ཡང་སྐལ་བ་དང་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར་ཏེ། ཆེད
84a5 འགའ་ནི་དང་། ཆེད་འགའ་ནི་ནུབ། ཚད་འགའ་ནི་མངོན་དུ་བྱུང་། ཆེད་འགའ་ནི་གབ་ཅིང་སྦས། ལ་ལས་ནི་ཚུལ་བཞིན་དུ་སྦྱང་དེ་སྔགས་ཀྱི་མཐུ་སྟོབས་ཀྱང་རྙེད། ཕལ་ཆེར་འདྲ་ཚུལ་ལོག་པར་ལྷོང་པས་ལྕང་གནས་སུ་འགྱུར་བས། འགྲོ་བ་ལ་ལ་རི་དང
84a6 ལ་ལ་ནཱ་མ་དང་ཧ། དྲུས་ནས་ཞིག་ན་སྟེགས་མ་ལྔའི་དུས་འོང་སྟེ། སྤྲུལ་པའི་ལུས་བསྟན་པའི་ཚེ་ན་པ་ཞིང་རྒྱས་པར་འགྱུར་རོ།། རྡོ་རྗེ་འདུས་པའི་རྒྱལ་པོ་གསང་བའི་ཐེག་པ་འདི་ཉིད། ད་ཉེ་བསྐལ་བབྱེ་བ་འདས་པའི་འོག་ཏུ་བསྐལ་བ་མེ་ཏང
84a7 དཀོ་ང་ཞེས་བྱ་བ་འབྱུང་བའི་ཚེན། སངས་རྒྱས་འཇམ་པའི་དབྱངས་ཞེས་བྱ་བ། ད་ལྟར་དང་ཚུལ་མཐུན་པ་ཞིག་འབྱུང་སྟེ། དེས་གསང་བའི་ཐེག་པ་འདི་རྒྱ་ཆེར་རྟོན་པར་འགྱུར།། སངས་ཀྱིས་གཞན་གང་གིས་ཀྱང་གསང་བའི་ཐེག་པའང་སྟན་པར་མ
iiif viewer powered by OpenSeadragon
83b - 84b