| | e-texts navigator
|
279b1 ལྷགནོད་འདུལ་ལ་གཏ་ད།། སྟགནོད་འདྲལ་གྱིས་ཅུ་བ་ཆེན་པོ་གསུམ་དུ་མས་སོ།། དེ་སྐང་རྒྱས་རྟོན་པས་བཀའ་སྩལ་བས། ཡ་ཤུས་ཀྱེམ་མ་དང་། ཕྲ་མེན་དུ་མཚོ་ལ་སོགས་པ་རང་བཞིན་གྱི་མ་མོ་དང་། ཨ་གྱི་ཆེན་མོ་པ་སོགས་པ་སྲིད་པའི་སྤྱན་མོ་རྣམས་ཀྱིས། སྦྲ
279b2 མེད་པ་ཆོས་ཀྱི་རོ་མྱོང་ནས། གསང་བ་དགྱེས་པའི་མཆོད་པ་ཕུལ་ནས། རང་རང་གི་དམ་ཚིག་ནོས་ནས། ཞབས་སྤྱི་བོ་ལ་བླངས་སོ།། མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་ལས། ལྷ་གནོད་འདུལ་ལ་རྒྱུད་གཏད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།།
279b3 མ་མོ་སྲིད་པའི་རྫོགས་སྲུང་ཆེན་མོ་འབྲས་བུ་ངེས་པར་བསྟན་པའི་མཆོག། ཀུན་བཟང་ཐུགས་ཀྱི་ལུང་རྗེན་འདི།། སྐྱེས་མཆོག་འགའ་ཡི་ལུས་ཡིན་ཏེ།། ཀུན་ལ་སྲེལ་བར་མ་གསུངས་སོ།། མ་མོ་འོ་ཆོས་འདི་སྡིག་བསྲས་ཀྱི་ཞེས་དབྱུང་ན་ཡང་། བོང་རྒྱལ་དུ་བསྒྱུར་བ་ལ།
279b4 འདི་ལས་ལྷག་མ་མ་ལུས་པར་ཡིད་ཆེས་པའི་རྒྱུད་ཁུངས་དང་། དབུ་སྤང་བ་ཞེས་སོ།། མ་མོ་སྲིད་པའི་རྒྱུད་ལུང་གི་རྒྱུད་ཕྱི་མའི་དཔེ་རྫོགས་སོ།། ། དཔལ་ཁྲག་འཐུང་གི་རྒྱལ་པོ་དང་། ཡུ་མ་རིག་པའི་རྒྱལ་མོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག
279b5 གིས་ཐོས་པའི་དུས་གཅིག་ན། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པ་ལས། སངས་རྒྱས་སྟོང་རྩ་གཅིག་འཇིག་རྟེན་དུ་འབྱུང་བས་ན། སྔར་འདས་པའི་སངས་རྒྱས་རབས་བདུན་དང་། བརྒྱད་པ་ཤཱཀྱ་ཐུབ་པའི་བསྟན་པ་ལ། བ
279b6 བསྐལ་པ་བརྒྱད་ཅུ་རུ་འབྱུང་སྟེ། དེ་ཡང་སྟོང་གསུམ་དུ་གནས་པ་ལས། སྟོང་ཆུང་ངུ་དང་། སྟོང་བར་མ་དང་། སྟོང་སྤྱི་ཕྲད་དོ།། དེ་ཡང་དེ་བཞིན་གཤེགས་པའི་ཐུགས་རྗེའི་སྣང་བ་ལས། རིའི་རྒྱལ་པོ་རི་རབ་གཅིག་གི་དོན་བཤད་ན། ཤེས་རབ་ཆེན་པོའི་རྒྱུ
279b7 ལས་རླུང་རྫོརྗེ་རྩི་ཐམ་གཡས་སྱ་བསྒྲིལ་ཅིང་འཛུབས་པ་ལས། དབུས་རྡོ་རྗེ་གྲམ་ལ། མཐའ་མག་ཞུ་འོད་མའི་དབྱིབས་ལྟར་གནས་པ། སྟེང་འོག་དང་ཕྱོགས་མཚམས་སུ་དཔག་ཚང་ས་ཡ་དྲུག་འབྲ་མ་ཡོད་པ། ཐུགས་རྗེའི་བྱིན་གྱིས་བརླབས་ལས། རིན་པོ་ཚོ
iiif viewer powered by OpenSeadragon
279a - 280a