| | e-texts navigator
|
279a1 སུཿ། ས་གཟུང་བར་བྱ།། བཏགས་ན་ཐམའི་ཆུང་བ་བྱུད།། བཞོན་ན་བྱས་པ་མཐ་འདུངས།། རླུད་དཔོངས་སུགབྱུང་བལྟ།། རྒྱུ་མོངས་ས་ག་ཅང་བའི་བཏུག་པ་དྲུ་དུ་། དེ་ནས་ཉགནོད་འདྲས་ཀྱིས་གསོལ་པ། ངང་།
279a2 གཅིག་ལགས།། སྣོད་དེ་དང་མི་ལྡན་པས། བཟུང་དུ་རུང་ལགས་སམ། ཞེས་གསོལ་བས། མངོན་རྫོགས་རྒྱལ་པོས་བཀའ་སྩལ་པ། སྣོད་དེ་དང་མི་ལྡན་པ། དྷརྨ་སྣང་འཚོང་བྱེད་པ་དང་། ཆོས་དཔེའི་ཚོངས་པ་བྱེད་པ་དང་། མན་ག་ཟང་ཐལ་དུ་སླ་བ་དང་། བ
279a3 དེས་ན་མ་མོ་སྲིད་པའི་རྒྱུད་ལུང་འདི།། ཀུན་གྱི་ཐུན་མོང་མ་ཡིན་ཏེ།། སྣོད་མེད་རྣམས་ཀྱིས་བཅངས་གྱུར་ན།། བདག་དང་འགྲོ་བ་གཞན་ཀུན་བརླག། དེས་ན་འདི་ནི་གསང་བའི་རྒྱུད།། ཅེས་བསྟན་ཏོ།། དེ་ནས་ལྷ་གནོད་འདུལ་གྱིས་གསོལ་པ། མ་མོའི་དཀྱིལ་འཁོར་ཇི་ལྟར་བརླ།
279a4 ཞེས་གསོལ་པ་དང་། ཡབ་མངོན་རྫོགས་ཀྱི་རྒྱལ་པོས་བཀའ་སྩལ་པ། མ་མོའི་དཀྱིལ་འཁོར་བསྡུ་བ་ནི། དང་པོ་བསྐྱེད་པའི་རིམ་པ་བཞིན།། རིམ་བཞིན་རིམ་པས་གཙེལ་བསྡུ།། ཞེས་བཀའ་སྩལ་ཏོ།། རྒྱད་འདི་སྣོད་མེད་ལ་བསྟན་པའི་སྐྱོན་དང་། དཀྱིལ་འཁོར་བསྡུ་བའི་ལེའུ
279a5 སྟེ་ལྷ་བཅུ་གཅིག་པའོ།། ། དེ་ནས་མངོན་རྫོགས་ཀྱི་རྒྱལ་པོས། ལྷ་གནོད་འདྲལ་ལ་བཀའ་སྩལ་པ། བསྟན་པའི་སྙིང་པོ་ངམ་པ་འདི།། རྒྱུད་དང་ལུང་དང་མན་དག་དང་།། ཕྱོགས་དང་གལ་པོར་བསྟན་པ་ཡི།། མ་མོ་སྲིད་པའི་རྒྱུད་ལུང་ཆེན་པོ་འདི།། དེ
279a6 གནོད་འདུལ་ཁྱོད་ཀྱིས་བསླུས།། འཇིག་རྟེན་གསུམ་བུ་གྲགས་པར་གྱིས།། བལྟ་སྤྱོད་སྒྲུབ་པ་ཚང་བ་ཡི།། མ་མོ་སྲིད་པའི་ཏན་འདི།། དེ་བ་གནོད་འདུལ་ཁྱོད་ཀྱིས་ཟུང་།། རྩ་བ་གསུམ་དུ་སྦས་པར་གྱིས།། ཞེས་བཀའ་སྩལ་པས། གསེར་གྱིས་གླེགས་བམ་དུ་བྲིས་ནས།
iiif viewer powered by OpenSeadragon
278b - 279b