e-texts navigator
Collection
Volume
Page
Wylie

278b1 མ་མོ་རང་བཞིན་མ་མོ་དང་།། སྨན་མོ་ལ་སོགས་མང་པོའི་ཚོགས་བརྗོད་ཀྱང་།། བདག་གིས་བྱིན་བརླབས་མ་མོར་སྣང་བ་ལས།། གཞན་ནས་མ་མོར་གྲུབ་པ་ཅི་ཡང་མེད།། བདག་སྡང་གཞན་འཁོལ་ཀུན་ཏུ་བདག་ཡིན་ཏེ།། བདག་ཉིད་གཡོས་ན་གྱི་ནང་སྡོད་བཅུད་གཡོས།།
278b2 ཆེ་བ་ཅེན་འགྲན་གྱིས་དྲོ་མེད་པས།། ཡང་ལ་ཐོགས་མེད་བདེ་འབྱམས་རྒྱལ་པོ་ལ།། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ།། བདེ་ཆེན་དང་ལ་འཛིན་རྟོག་བརྗོད་དུ་མེད།། བདེ་རྟེན་བྱང་ཆུབ་སེམས་སུ་སངས་རྒྱས་པའི་ལེ་འུ་སྟེ་བཞི་བཅུ་རྩ་དགུ་པའོ།།
278b3 དེ་ནས་ཡབ་མངོན་རྫོགས་རྒྱལ་པོས། རྒྱུད་ཡོངས་སུ་བཟུང་བ་འདི་བཤད་དེ། འདི་སྐད་ཅེས་གསུངས་སོ།། གསང་ཐུབ་བཀའ་བརྟན་ངེས་པ་དང་།། བདེན་པར་སྨྲ་ཞིང་ཡིད་མི་འགྱུར།། དེས་ནི་རྒྱུད་འདི་གཟུང་བར་བྱ།། བརྟགས་ཤིང་རྒྱུད་འཆད་བརྩེན་འགྲུས་ཆེ།། དྲད་ལ
278b4 ས་ན
278b5 བླ་མོ་དང་ཚིག་འཇོམ་པའི་དོན་གྱིས།། སྤྱོད་པ་ཐོགས་ཆགས་མེད་པ་དང་།། དམ་ཚིག་སྤངས་ལེན་མེད་པ་ཡིས།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། ཉན་ཅིང་བསྒྲུབ་ལ་བརྩོན་པ་དང་།། འདུ་འཞིའི་དབང་དུ་མི་གཏོང་བས།། བརྣག་ཐུབ་བཟོད་ཆེ་ངེས་པ་དང་།། ཡོངས་ལ་ཡི་གནོད
278b6 ཚུལ་སྲན་པས།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། ལུང་མེད་པས་ཀྱང་མི་གཏོང་ཞིང་།། སློབ་དཔོན་རིག་པ་སྟོད་འདུབ།། དེས་ནི་ཡོངས་སུ་གཟུང་བར་བྱ།། རང་ཤེས་ཆུ་ཚོང་མི་བྱེད་ཅིང་།། བཏགས་ཤིང་ལས་རྣམས་བརྩོན་བྱེད་པ།། དེས་ནི་རྒྱུད་འདི་གཟུང་བར་བྱ།། ནལ་འབྱོར་སྨན་དང་མི
278b7 འབྲལ་ཞིང་།། རྫས་དང་པག་ཆ་ཐོགས་པ།། རྒྱུད་འདི་ཡོངས་སུ་གཟུང་བར་བྱ།། དད་པ་སྟོང་ལ་མེད་པ་དང་།། གྱོ་མེ་དུབ་པ་མེད་པ་ཡིས།། རྒྱུ་འདི་ཡོངས་སུ་གཟུང་བར་བྱ།། དབང་བསྐུར་གནང་བ་ལུང་ཐོབ་ཅིང་།། རྟོགས་ཤིང་ཤེས་པ་གྱོགས་འབྱམས་པས།། རྒྱུད་འདི་ཡོངས




iiif viewer powered by OpenSeadragon

278a - 279a

Texts on this page

Gdg022.8 - yum gzungs ma'i dngos grub chen po'i rgyud