e-texts navigator
Collection
Volume
Page
Wylie

278a1 སེམས་སུ་བདག་ཏོགས་ན།། འདུ་འཛི་བྱིས་པའི་རྗིད་མོས་ཅི་ཞིག་བྱ།། མི་འད་སྔོན་སི་མ་ཚིག་སྤང་བྱེད་ན།། ཉོན་མོངས་པ་དེ་སྡུག་མྱ་ངན་ཅེ་ལ་སྤྱད།། ཐབས་མཁས་རོལ་པའི་ཏིང་འཛིན་ཤར་བ་པས། ང་པོ་འང་པོལ
278a2 བསླབ་ཅིལ་བྱ།། ཕྱི་ནང་སྣོད་བརྒྱད་ཐིག་ལེར་སངས་རྒྱས་ན།། གཞན་ནས་བཅོལ་ཞིང་སྤྲིན་དུ་གཅིག་ཀྱང་མེད།། སྐྱ་བ་མན་ངག་གི་ལའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། ། དེ་ནས་ཡབ་མངོན་རྫོགས་རྒྱལ་པོས། འདི་ཆེན་བྱང་ཆུབ་སེམས
278a3 ལེའུ་འདི་བཤད་དོ།། འདི་སྐད་ཅེས་གསུངས་སོ།། སྣོད་ཀྱི་འཇིག་རྟེན་མ་བཀག་ཡུམ་གྱི་དབྱིངས།། བརྒྱད་ཀྱི་འཇིག་རྟེན་མ་བཀག་ཡབ་ཀྱི་མཁའ།། ཡབ་ཡུམ་མཁའ་དབྱིངས་ཡེ་ནས་རོལ་པ་ལས།། བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་སོ།
278a4 ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ།། མ་མོའི་ཚོགས་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན།། ཡིན་པའི་དོན་ལ་རིག་པ་གསལ་དགོད་ན།། བདེ་ཆེན་བྱང་ཆུབ་སེམས་སུ་ཡེ་ནས་སངས་རྒྱས་སོ།། སེམས་དང་ཡེ་ཤེས་དུས་གཅིག་སངས་རྒྱས་ན།། རྟག་པའི་ཡེ་ཤེས
278a5 སེམས་ཀྱིས་སངས་རྒྱས་ཀུན་རྟོགས་ན།། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ།། འཁོར་བའི་རྒྱུ་ཉིད་ཐར་པའི་ལམ་གྱི་སྒྲས།། སྡུག་བསྔལ་རྒྱ་ཉིད་ཆོས་ཉིད་བྱང་ཆུབ་སེམས།། མ་སྤངས་ལྷུན་གྱིས་གྲུབ་པའི་དོན་རྟོགས་ན།། བདེ་ཆེན་བྱང་ཆུབ་སེམས་སུ
278a6 སངས་རྒྱས་སོ།། ཆོས་ཉིད་ཀུན་ཏུ་བཟང་པོའི་རིག་པ་ལ།། འཁོར་བ་དང་ནི་མྱ་ངན་འདས་པ་མཉམ།། སངས་རྒྱས་སེམས་ཅན་སེམས་ཉིད་གཅིག་ཏུ་མཉམ།། རྟོགས་དང་མ་རྟོགས་སྒྱུ་མའི་ངང་དུ་མཉམ།། རིག་དང་མ་རིག་ཆོས་ཀྱི་སྐུ་དང་མཉམ།། མཉམ་ཉིད་རྒྱལ
278a7 པོའི་དོན་ལ་མ་ཡེངས་ན།། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ།། ཉོན་མོངས་དུག་ལྔ་ཡེ་ཤེས་ལྔ་རུ་སྣང་།། འབྱུང་བ་ཝ་པོ་ཆོས་ཀྱི་དབྱིངས་སུ་མཉམ།། དབྱིངས་དང་ཡེ་ཤེས་འབྲེལ་པའི་དོན་རྟོགས་ན།། བདེ་ཆེན་བྱང་ཆུབ་སེམས་སུ་སངས་རྒྱས་སོ།། ཡེ་ཤེས




iiif viewer powered by OpenSeadragon

277b - 278b

Texts on this page

Gdg022.8 - yum gzungs ma'i dngos grub chen po'i rgyud