| | e-texts navigator
|
180b1 བུ་གསུང་ཐུགས་སུ་དབང་བསྐུར་བའོ།། སྤྱན་དྲང་མཆོད་དྲང་བསྙེན་པ་དང་།། དངོས་གྲུབ་བཅུད་ནི་བྲང་བ་སྟེ།། ཕྱག་དང་མཆོད་པ་གཏོར་མ་དང་།། དདུང་རྩི་དཀྵ་སྥོར་སྒྲོལ་ལོ།། ཚོགས་དང་ལྷག་མའི་ཆོ་ག་བརྒྱད།། བསྙེན་པ་ལྷ་དང་ངམ་ཅན་དང་།
180b2 ངན་སྔགས་ཉེ་བར་བསྙེན་པའོ།། དངོས་གྲུབ་ཡེ་ཤེས་ལྷ་དང་ནི།། དགྲ་ལ་ཚེ་ལུང་ཁྲུས་ལུང་དང་།། སྒོ་བཞིའི་ཕུང་བ་མཚོ་བཞི་སྟེ།། ཡུམ་བརྒྱད་ལུས་ཀྱི་རྟེན་བརྒྱད་དང་།། ཁ་བཅུ་ཚོགས་བརྒྱད་ཞར་བྱུང་གཉིས།། གཉིས་ཀྱིས་དྲུག་སྡིག་མ་མཉམ
180b3 གདབ།། མཚོན་གྱིས་གཏུབ་དང་ཐུན་གྱིས་བྲབ།། གནས་སྐབས་དག་ནི་ཤེས་པར་བྱ།། མནན་པ་སྦྱིན་སྲེག་བུན་དང་གསུམ།། ལས་ཀྱི་མཇུག་ནི་བསྡུ་བར་བྱ།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་རྒུད་ལས་གདམས་ངག་གི་ཁོ་ག་ཁོར་བསྟན་པའི
180b4 ལེའུ་སྟེ་གསུམ་པའོ།། ། དེ་ནས་ཐུགས་ཀྱི་སྲས་མཆོག་དེས།། དཀྱིལ་འཁོར་རྣམ་གསུམ་རིམ་པར་ཞུས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། མཚོན་ཆེན་སྔོན་པོ་འབར་བ་ཡིས།། ནམ་མཁའི
180b5 དཀྱིལ་ནས་ཐིགཱ་པ་ཤྭ་ར།། སྙིང་གི་གོ་རུ་བསྒོམ་པར་བྱ།། དྷི་སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུཾ། བཛྲ་ཡེ་ཡཾ། ར་སུ~ཾ་ཀརཱི་ཧཱུཾ། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱན་ཙཀྲ་མཎྜ་ལ་ཨེ་བྷྱཱཾ། ཛཿཧཱུ~ཾ་བི་ཧོཿ། ཧཱུཾ་སྥུར་ཎ་ཕཊ། སཾ་ཧ་ར་ཎ་དྷཱི། ཨོཾ་བརྞཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ།
180b6 བསྒྲལ་པའི་དམ་ཚིག་ནི།། བསད་ཅིང་མནན་པ་མ་ཡིན་ཏེ།། ཕུང་པ་རྡོ་རྗེས་གཏམས་བྱས་ནས།། རྣམ་པར་ཤེས་པ་རྡོ་རྗེར་བསྒོམ།། ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམོས།། སྲིད་པ་རྡོ་རྗེ་གྲུབ་མཛོད་ཅིག། སྲིད་པ་རྡོ་རྗེ་ཕུར་དུའི་ལྷ།། ཡེ་ཤེས་ཁོ་བོ་གྲུབ་པར་མཛོད།
180b7 ཧཱུཾ་ཧཱུཾ། ཨོཾ་བཛྲ་ཀྲོ་དྷ་བྷུ་ཀཱར་ཧཱུ~ཾ། གརྫ་གརྞ་ཧཱུཾ་ཕཊ། ཨཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུ~ཾ། ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷནྣི་ཡདཎྜ་ཧཱུ~ཾ། ད་གད་ཧ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཡ་མྱཱདྷ་ཀ་ཧཱུ~ཾ། པ་ཙ་ས་ཙ་ཧཱ་ཕཊ། ཨོཾ་བཛྲ་ཀྲོ་ཏ་ཨཱདྱ་ཨ་ཙ་ལ་ཧཱུ~ཾ། བྷཊྚ་བྷཊྚ་ཧྲཱི་ཕཊ། ཨོཾ@རྠ
iiif viewer powered by OpenSeadragon
180a - 181a