| | e-texts navigator
|
179a1 རུསྦྲུལ་ལྡན་དན་ཡད་ཅིང་།། དངོས་གྲུབ་ཐབ་དང་རྟགས་བྱིན་དང་།། དཔལ་འཕེལ་དབང་ཐང་དར་བ་དང་།། འབྲུ་ད་བང་མཛོད་ལྡན་པ་དང་།། བདེ་གྱི་དབུསམ་པ་འགྲུབ་འདོད་པས།། རྡོ་རྗེ་སྦྱར་པ་སྔགས་ཀྱི་རྒྱུད།། ཕྲིན་ལས་གསང
179a2 རྫོགས་པའི་ལུང་།། འབར་བའི་ཁྲོ་བོ་རོལ་པ་འདི།། སྤྱད་ཅིང་ཟུང་དུ་གཟུང་བར་གྱིས།། ཞེས་གསུངས་ཏེ་ཅང་མི་གསུང་བར་བཞུགས་སོ།། སེམས་དཔང་ཆེན་པོས་གསོལ་བ། བཅོམ་ལྡན་འདས་ཞེ་སྡང་གི་བདག་པོ་ཆེན་པོ། མ་འོངས་པ་དོན་ཡོད་པར་བྱ་བའི་བྱི
179a3 ཁྲོ་མོ་འབར་བའི་གཏུན་ཁུང་དང་། ཁྲོ་བོ་འབར་བའི་གཏུན་ཚོགས། གཏུན་ཁུང་རྡོ་རྗེ་ཐོབ་བཀའ་སྩལ་པ་ངོ་མཚར་རོ།། ཨ་ལ་ལ་ཏོ།། རྗེས་སུ་ཡི་རང་ངོ་།། དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་བྱའོ།། ཞེས་གསོལ་ཏེ་འཁོར་དང་བཅས་པ་རྗེས་སུ་ཡི་རངས་ཏེ་མངོན་པར་བསྟོད
179a4 བཅོམ་ལྡན་འདས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཆོ་འཕྲུལ་སླར་བཏུལ་ཏེ་གནས་པར་གྱུར་ཏོ།། རྡོ་རྗེ་ཕུང་པ་གསང་བའི་སྔགས་རྒྱུད་ལས་གཏད་ཅིང་བཟུང་བའི་ལེའུ་སྟེ་བཅུ་དྲུག་པའོ།། ། ཨུ་རྒྱན་གྱི་མཁན་པོ་པདྨ་ཟོང་ཕྲེང་གིས།
179a5 བེ་དྱོ་དྷ་མ་འཛུམ་སྡེའི་ཏནྟ་ལས་བྱུང་བ། བོད་ཡུལ་དབུས་ཀྱི་བསམ་ཡས་བདུད་འདུལ་སྔགས་པའི་གླིང་དུ། གྷེ་ཛྙཱན་ཀུ་ཀུ་ར་དང་། བྲང་ཏི་ཛ་ཡ་རཀྵི་ཏསཾ་བསྒྱུར་ཏེ། མཁན་ཆེན་བཟའ་འཚོ་རྒྱལ་ལ་གཏད་ཅིང་གདམས་པ། རྡོ་རྗེ་ཕུར་པ་གས་པའི་སྔགས་རྒྱད་ལས
179a6 གསང་བའི་ཕྲིན་ལས་རྫོགས་པ་འབྱུང་པོ་ཀུན་འདུལ་ཞེས་བྱ་བའི་རྒྱད་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ་ཀུ་ཧྱ་ཏནྟྲ་ཨུ་པ་དེ་ཤ། བདེ་སྐད་དུ། རྡོ་རྗེ་ཕུར་པ་གསང་བ་གདམས་དག་ཅན་གྱི་རྒྱུད། བཅོ་ལྡན་འདས་དཔལ་བཛྲ་ཀཱི་ལ་ཡལ་ཕྱག་འ
179a7 ལོ།། འདི་སྐད་བདག་གིས་ཐོས་པའི་བུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པའི་བདག་ཉིད་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ་ཅན་དེ། ཆོས་ཀྱི་དབྱིངས་ཀྲི་དང་ཉིད་ལས།། འབར་པོའི་ཁྲོ་བོ་ཤིན་ཏུ་མེ
iiif viewer powered by OpenSeadragon
178b - 179b