e-texts navigator
Collection
Volume
Page
Wylie

177b1 ལཱ།། སྤྱན་དྲང་བཞུགས་བསྟིམ་མཆད་བསྟོད་བྱ།། ས་སའི་སྙིང་པོས་བསྙེན་བྱས་ཏེ།། ཐུགས་དམ་བསྐུལ་ཞིང་པོ་ཉ་འགྱེད།། ཡེ་ཤེས་སྤྲུལ་པ་ཕཉ་རྣམས།། མཐོགས་བྱེད་ཐུགས་རྗེས་མངགས་པའི་གང་།། སྲིད་གསུམ་ཐམས་ཅད་གང་བྱས་ཏེ།། སད།
177b2 པའི་ཁྱམས་ཁང་བཙོན་དོང་དུ།། རྡོ་རྗེ་ཕུར་པའི་ཐུ་ཆང་དབབ།། སྔགས་ཀྱི་འཁོར་ལོ་མེ་ལྟར་འབར།། ལྕགས་ཀྱི་ཚེ་ཚ་བརྡབ་པ་བཞིན།། དྲུག་གི་ཕོ་ཉས་ལས་ལ་སྦྱར།། ཕྱག་རྒྱ་རྣམ་བཞིས་ཀུན་ཏུ་ཁྱབ།། དྲག་བའི་རྩལ་ལྡན་ཀུན་གྱིས་གྲུབ།། བསོད་ནམས་ཆོག
177b3 ཆེན་རྫོགས་པ་དང་།། སྔགས་གྲུབ་དབང་དང་ལྡན་པ་ལ།། འདུལ་སྡོམ་རྣམ་པར་དག་པས་ཀྱང་།། འདི་དག་ཚར་བཅད་དངོས་གྲུབ་ཐོབ།། དེ་དག་ལྡན་པར་མ་གྱུར་ཀྱང་།། འདི་དག་བསྒྲལ་ལས་མ་བྱས་ན།། དངོས་གྲུབ་བདུད་ཀྱི་ལག་ཏུ་ཤོར།། ཤིན་ཏུ་བརྩོན་པས
177b4 བསྒྲལ་བར་བྱ།། དུས་གསུམ་རྒྱུན་དུ་གསད་ཅིང་གནན།། དེ་ལྟར་བྱས་ན་འབྲས་བུ་ཐོབ།། ཅེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་རྒྱུད་ལས་ཕོ་ཉས་ཚར་བཅད་པའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་ཡང་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས།
177b5 སྲི་ཅན་དྲུང་ནས་དབྱིན་པའི་ལས་བཀའ་སྩལ་ཏོ།། མི་ཡི་སྲེད་པ་དང་པོ་ལ།། དབུས་ཀྱི་རི་བོ་མཆོག་རབ་སྲིད།། རི་རབ་ཀྱི་ནི་དབུས་ནས་ཡར།། དཔག་བསམ་ཤིང་གི་ལྡན་ཤིང་སྲིད།། དཔག་བསམ་ཤིང་གི་རྩེ་མོ་ལ།། བདུད་པོ་ཐོད་པའི་ཕྲེང་བ་དང་།
177b6 བདུད་མོ་ནགཡོ་བཞིན་མི་སྡུག། ཚོགས་པའི་མིང་སྲིད་བཅུ་གཅིག་ནི།། གང་ན་དཀར་པོའི་ལས་དང་ལ།། དེ་ན་ཕུང་བའི་སྲི་ཅན་ཏེ།། འདི་དག་རྣལ་འབྱོར་ཅན་གྱིས་གདུལ།། རྒྱལ་དང་བློན་དང་དམངས་དང་གསུམ།། དགྲ་སྲི་མེ་སྲི་སྒོ་སྲི་དང་།
177b7 སླེརུ་། དསྲི་དང་།། དམ་སྲི་དབྱལ་མོའི་གོང་སྲིམ་ནན།། རྒྱལ་པོ་ཕུང་བྱེད་ཕུང་སྲི་ནི།། རིགས་ངན་ཏོར་མོ་སྐྱ་རིངས་མགོར།། ཆོས་འཁོར་དབུས་སུ་གནན་པར་བྱ།། བློན་པོ་ཕུང་བའི་ཕུང་སྲོནི།། ཕ་ཝང་ནི་རྩ་མྦ་ཐོད་དུ།། མདུན་ས་ཆེན་པོར་གནན་པར་བྱ།། དམ




iiif viewer powered by OpenSeadragon

177a - 178a

Texts on this page

Gdg022.4 - rdo rje phur pa gsang ba'i sngags rgyud 'byung po kun 'dul