| | e-texts navigator
|
177a1 བྲི།། པྲ་སླང་ནོར་ཕྱག་གཏུ་དམིགས་གདགས།། ཀླུ་གུལ་མུ་འི་ལྐོག་པ་སོགས།། བྷེ་རྫས་གདགས་ཤིང་དྲུད་པས་བསྐོར།། འབྱུང་པོ་ལྷ་ཡི་ཕུ་མུན་བཅས།། སྒྱིད་གསུམ་ཁྱབ་ཅིང་ཉལ་ཕུང་མ།། འདི་དག་མ་བརྩོ།
177a2 མ་འགྱུར་ན།། བྱས་པའི་ལས་རྣམས་དོན་མེད་འགྱུར།། འདི་དག་བཅོས་བཀར་སྤྲུལ་པ་བསྐལ།། འཇིག་རྟེན་ཁྱབ་ཅིང་དབང་བྱེད་པ།། དམ་ལོག་སྡེ་གསུམ་དངོས་པའི་སྲོག། ཤི་ནས་རང་སྲོག་རང་གིས་བཅད།། སྲོག་དང་མིང་དང་ཤེས་པའི
177a3 གི་དཀྱིལ་ན་གནས་པ་དེ།། ཕོ་གཡས་མོ་གཡོན་བསྐོར་བར་བསྒོམ།། འགུགས་པར་བྱེད་པ་ཟུར་ཞུམས་རྔ།། ཡ་མ་ཏྲིག་ནན་འབྲུ་བཞིས་གཟིར།། མཱ་ར་ཡ་རྦད་གཅོད་པའི་མཚོན།། དགུག་དང་བཅིང་དང་བསྟི་མ་དང་གཞུག། བུ་པང་བརྩོག་དང་ག། ད
177a4 བསང་དང་བསྲེག་དང་གནན་དང་བཀར།། སྔགས་ཀྱིས་སོ་སོར་གང་དམིགས་པ།། སྐྱེས་བུ་ཤེས་རབ་རིག་པས་རུང་།། ཞེས་གསུངས་སོ།། རྡོ་རྗེ་ཕུར་པ་གསང་བའི་སྔགས་ཀྱུར་ལས་སྲོག་གི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཅུ་གསུམ་པའོ།།
177a5 རངས་ཡང་རྡོ་རྫིང་གི་རྒྱལ་པོ་དཔལ་རྡོ་རྗེ་གཞན་ནུས། རྣམས་ལས་ལ་གཟུག་པ་འདི་གསུངས་ས།། རང་པོ་དབྱེང་ས་ལས་ཡེ་ཤེས་བསྐྱེད། སྣང་བདག་མེད་པའི་ཏིང་རྗེ་བསྐམ། རིག་པ་གནས་པའི་སྒྲ་འཕྲུལ་ཅུ།། རྟོག་པ་གཞལ་ཅིང་གཞལ་ཡས་འཟུང།
177a6 འབྲུག་ཟུང་བྷ་གེ་ཁྲོ་མོའི་གཏུན།། གསང་བ་ཁྲོམ་གྱི་དཀྱིལ་འཁོར་དུ།། འདི་ལྟར་སྣང་བ་རྣམ་པར་བསྒྱུར།། རྡོ་རྗེ་ཁྲོ་བོ་གཏུན་ཚོགས་ཀྱང་།། གསང་བ་ཡབ་ཀྱི་ཕུང་བྱེ་སྐྱེད།། རྡོ་རྗེ་འཁོར་ལོའི་མཁའ་གསང་ནས།། འབར་བའི་ཁྲོ་བོ་ལྒང་ནས་ཀྱང་།། ཚོགས་བཅཝ
177a7 དྲཤེས་ལའི་གདན་ལ་གདབ།། ཁྲོབོ་ཁྲོ་མའི་མཁའ་ཀློང་ནས།། འབྱེད་འགུགས་པའི་ཕོཏ་འགྱེད།། དབའ་བོ་དཔའ་མོའི་སྦྱོར་མཚམས་ནས།། སྲས་མཆོག་རྡོ་ཛུ་པོ་བསྐྱེད།། དབང་བསྐུར་བྱིན་བརླབ་གཟི་བྱིན་འགྱེད།། དཀྱིལ་འཁོར་རྣམ་གསུམ་གྱིཧཱ།
iiif viewer powered by OpenSeadragon
176b - 177b