e-texts navigator
Collection
Volume
Page
Wylie

175b1 ར་ཛ་ནན། ཧེ་དུམ་དྷུ་ཀུ་ཀ་ཀ་རེ་ཛཛ། ཧེ་དུ་པྲེད་པུ་ཀ་སྱེ་མི་གྷེ་སྭཱ་ཐཱ། ཨེར་ལེག་ཤི་ན་ཤིག་ཏེ་རིག་ཏི་ཐ་མ་ལེ་ཤག་ཏེ་རེ་ལིག་ཤ་ལི་ཤ་ལེ་བྷེ། བུཾ་ལེང་སཱ་བྷཱ། ཤ་ལི་རྒྷོ་བྷི། ནག་ཚོན་གུ་ཙེ་ནྱ་དུ་ཤད་ཏི་ཟད་དྲུང་། བཛྲ་བཛྲ་བཛྲ་བཛྲ། བཛྲ་བཛྲ་བཛྲ་བཛྲ་བཛྲ་བཛྲ་བཏྲ
175b2 ཁྱབས་ཁནམ་ཁ་ཟམ་ཁབ་མ་པ་ཐམ། བཟླམ་ཁ་ཐམ། བ་ཐུམ་ཁ་ཟ་མ་ཁ་ཟམ་པ་ཐམ། བཛྲ་ལག་ཤ་རག་ས་ཀོཿ། ཁ་ཁ་ཁ། ཨ་ཏེ་ཁཱ་ཏི་ཁཱ་ཏེ། ཧཧཏ། ཧི་ཧི་ཏི། ཛཱཾ་ཧཱུཾ་ཥྐཾ། ཕཊ་ཕཊ་ཕཊ། ཆོས་གསུངས་སོ།། ཕུར་པ་གསང་བའི་སྔགས་དྷཱ་ལས་ངམ་ལོག་པ
175b3 སྲི་རུ་ཏྲའི་སྡེ་བསྒྲལ་བའི་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཞེ་སྡང་གི་རྒྱལ་པོ་རྡོ་རྗེ་གཞོན་ནུས་ལས་ཀྱི་སྦྱོར་བབས་བཀའ་སྩལ་པ། རྣལ་འཕྲོར་དོན་དང་ལྡན་པ་ལ།། དམ་ལོག་དམ་སི་རཱུ་དྲའི་སྡེ།། གནས་དང་འཁོར་དང་ལོངས་སྤྱོད་དང་།། ཆགས
175b4 ནས་དབང་བྱེད་ཤུལ་འབྲེང་དང་།། འཁོར་དང་ལོངས་སྤྱོད་དབང་ཐང་དཔལ།། རྒྱས་སུ་མི་སྟེར་འཕེལ་བ་འགྲིབ།། དཀར་སྒྱུར་སྲི་རྩི་སྙི་བྱེད་པ།། དེ་དག་དྲག་པོའི་ལས་འདིས་འདུལ།། འཇིག་རྟེན་གཞན་དུ་འཕང་ལ་བཏང་།། རྡོ་འམ་ས་ལ་འབྲུ་བ་ཁུང་བཅའ།
175b5 རྣོན་པོ་རྩང་གིས་བསྐོར་ནས་ཀྱང་།། ནང་དུ་འབྱུང་པོའི་གཟུགས་རྟེན་གཞག། ཁྱི་ཕག་སྤྲེའུ་དང་བྱི་ལའི་མགོ།། བགེགས་དང་འགོད་པའི་དྲུ་པ་གཞུག། འབྲོག་ཏེ་ནག་པོ་མགོ་དགུ་དང་།། དམ་སྲིན་ག་མོ་བྱ་མཆུ་མ།། བང་དུ་རྒྱལ་འགོང་སྤྲུལ་པ་བྲུབ།། བྱི་ཆིངས་ཚུལ་དུ
175b6 ལྷ་སྤྱ་ནས།། བླ་ཤིང་ཤོ་མང་ཁུང་དུ་དྲིལ།། བཱ་ཛ་ཕ་བོང་ལོང་བུལ།། མཚལ་གྱིས་ཕྱོགས་བཞིར་སྲོག་ཡིག་བྲིས།། སེ་བཏྟ་ཐ~ཾད་སྡིག་པའི་ར།། བྱི་བའི་སྙིང་དང་སྲུང་ཀོའི་ཐུན།། ལམ་ཆེན་རྒྱ་གྲམས་དག་ནི།། ཞང་པོ་མ་དང་སྤྲུལ་པ་བུ།། འོག་གི་རྟ་དང་རྩཝ
175b7 གནས།། བླ་གནས་ཡིན་ཏེ་བླ་ལ་དབབ།། རྒྱ་གྲོག་སྐེད་དམར་ཁང་ས་དང་།། ཆུ་སྣའི་འདག་པ་ལན་ཚྭ་དང་།། སྲུབ་ཀ་རྩཝ་ཡི་ལོ་མ་དང་།། གོང་གསུམ་ལུང་གནས་ཅི་འཇག་ལ།། གཟུག་བཅས་ཤིང་ཤུན་མིང་རུས་གཞུག། ཐལ་དཀར་བྱས་ཏེ་བྱད་ཐག་གདགས།།




iiif viewer powered by OpenSeadragon

175a - 176a

Texts on this page

Gdg022.4 - rdo rje phur pa gsang ba'i sngags rgyud 'byung po kun 'dul