| | e-texts navigator
|
172a1 ཨེ་ཡི་དཀྱིལ་འཁོར་བསྐྱེད།། རང་བཞིན་སྲུབ་ཀྱི་བསྟད་ཅིང་བསྐུལ།། ཞེས་གསུངས་སོ།། ཀཱི་ལ་ཡ་གསང་བའི་སྔགས་རྒྱུད་ལས་བསྙེན་པའི་ལེའུ་ཏེ་དྲུག་པའོ།། ། དེ་ནས་ནེ་སྡང་གི་བདག་རོ་རྡོ་རྗེ་གཞོན་ནུས
172a2 བཀའ་སྩལ་པ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས།། བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི།། དབུ་གསུམ་ཕྱག་དྲུག་ཞབས་བཞི་བརྐྱང་བསུམ་བཟད།། རྒྱན་དང་ཆ་ལུག་ལྡན་པས་སྒེག་སྒེག་འདྲ།། བདུད་བཞི་གཏན་དུ་བཅོམ་པས་དང
172a3 དཔའ་འདྲ།། སྐུ་ཆེ་ཡན་ལག་དགྲ་པས་འཇིགས་འཇིགས་འདྲ།། ཞལ་གཡས་དཀར་ལ་བཞད་པས་རྒད་རྒོད་འདྲ།། གཡོན་པ་དམར་ལ་གྲདངས་པས་གཤེག་ཤེ་འདྲ།། ཞལ་དབུས་མཐིང་ལ་རྣམས་པས་ཁྲོ་ཁྲོ་འདྲ།། རྩཝ་དྲུག་སྤྱན་གྱིས་གཟེག་པས་ཏིང
172a4 འདྲ།། དུག་གསུམ་ཞལ་དུ་རྔུབས་པས་རྔམ་རྔམ་འདྲ།། དེ་འདྲའི་ཁྲོ་བོ་འཇིགས་པའི་སྐུར་བསྟན་པས།། ཆོས་སྐུ་མཚན་མ་མེད་པས་ཞི་ཞི་འདྲ།། རྡོ་རྗེ་རྩེ་དགུས་ས་དགུའི་རྟག་པ་འཇམས།། རྡོ་རྗེ་རྩེ་ཝས་ཆུང་ལྔ་གནས་སུ་སྐལ།། མེ་དབང་འབར
172a5 ཁམས་གསུམཉེས་པ་ཟག། ཁ་ཊྭཱཾ་རྩེ་གསུམ་དུག་གསུམ་ཅད་ནས་གཅད།། རི་རབ་པར་བུས་ཁམས་གསུམ་རྡུལ་དུ་རྫོག། འཁོར་ལོ་རྒྱས་འདེབས་དཔལ་གྱི་སྦྲུལ་འཁྲིལ།། ཁོ་རོ་ཁྲོ་མ་བ་འཇིགས་འབང་པོའི་ཧཱུཾ།། སྒྲོན་མི་དཔུང་དང་རབ་རེ་ཀློང་ན་ཅུ
172a6 གསུང་ནི་དྲག་པོའི་སྒྲ་སྐད་འབྲུག་སྟོང་ལྡི་རེ།། ཐུགས་ནི་མི་ཏོག་རྣམ་ཆོག་ཐམས་ཅད་འཇོམས།། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ།། ཁྲ་གོ་བྲོ་མའི་ཚོགས་ཀྱིས་བསྐོར་བའི།། རྗེ་ཆེན་མཐིང་ག་རྡོ་རྗེ་བོང་ཁྲག་དང་།། མདའ་གཏུརྡོ་རྗེའི་རབ་ཕུར་པ་འདྲིལ།།
172a7 མདོག་མཐིང་ག་དཀར་དང་དེས་ར་བའི་ཞལ།། ཞབས་པའི་ཐག་སྟེང་ཉི་ཟླ་ཟ་མ་མནན།། སྒྲ་འབྱིན་ཕག་དང་སྡིག་སུ་འཁོར་གྱིས་བསྐོར།། རྣམ་ཐལ་དཀར་པོ་རྡོ་རྗེ་ཐོང་ཁྲག་དང་།། ཏྲི་ཤཱུལ་འཁོར་ལ་རི་རབ་ཕུར་བུ་འདྲིལ།། ཞལ་མདོག་དཀར་དང་སྡེ་དང་དམར
iiif viewer powered by OpenSeadragon
171b - 172b