| | e-texts navigator
|
170b1 ཚོགས།། ཉན་མོངས་སྲེག་པའི་མེ་དཔུང་འབར།། ཐབས་དང་ཤེས་རབ་ལྡན་པ་ལ།། མཚོན་ཆསྲས་མཆོག་ཕུར་བ་བསྐྱེད།། སུ་ལྗང་ཁྲ་བ་ཆེན་པོ་ལ།། སུ་སྲད་ཕུར་པ་ཌཱུར་གསུམམ།། གཟས་པའི་སྙིང་དཀྱིལ་ཐེབས་པར་བབྱེད།། ཅེས་གསུངས་སུ
170b2 རྡོ་རྗེ་ཕུར་པའི་གསང་བའི་སྔགས་རྒྱུད་ལས་ལྷ་རྣམས་ཀྱི་རང་བཞིན་དང་རྩ་བའི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་བཛྲ་ཀཱི་ལ་ཡ་བཀའ་སྩལ་པ། ཡིད་འོང་དབེན་པའི་གནས་བཙལ་ཏེ།། རྔ
170b3 དང་ཡོ་བྱད་འཁོར་ལྡན་པས།། ཕྱི་དང་ནང་གི་མཚམས་ཀྱང་གཅད།། མཚན་དང་ལྡན་པའི་བྷན་དྷ་རུ།། ནས་ནག་སྔོན་མོ་ཐུག་པར་བྱ།། ཕུར་བུ་བཅོ་ལྔ་དར་གྱིས་གྲིལ།། ཏུ་རྐྱེན་དབང་བསྲུར་བྱིན་བརླབ་བྱ།། ཐོག་མར་དངོས་གྲུབ་ཀུན་གྱི་གཞི།། དེ
170b4 བཅུ་གཉིས་དང་ལྔ་བཅུ་བརྒྱད།། ཞེ་དང་ཁྲོས་པ་རིགས་བརྒྱ་མཆོད།། འཛབ་དང་བསྟོད་པ་བསྐང་བཤགས་བྱ།། ཛཾ་གད་བདུད་རྩི་ལྷག་མ་ཡིས།། རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་བརྩམ།། གྲུབ་པའི་དཀྱིལ་འཁོར་རྣམ་པ་གཉིས།། གང་ལ་མོས་དང
170b5 པ་ཀྲིས།། ཡེ་ཤེས་ཁྲོས་པ་བཅོ་ལྔ་དང་།། ཕོ་ཉ་དཔུང་ཚོགས་བཅས་པ་ཡི།། ཕུར་པ་དཀྱིལ་འཁོར་གནས་ལ་དགོད།། གདུག་ཅིང་རྩུབ་པ་གཟས་པའི་གཟུགས།། འདྲ་འབག་རྩ་དང་གཟུགས་སུ་བཅའ།། ཟག་པའི་རྫས་དང་དམེ་ཁྲག་བྱུག།། ཡང་ན་ཆུ་པཱའི
170b6 འཇམ་པས་བྱ།། མིང་དང་རུས་དང་སྲེག་ཡིག་གཞུག། སྨྱུག་ནག་དང་ནི་ཐལ་དཀར་བྱ།། ལྕགས་ཐག་བཏགས་ལ་ཨེ་ལ་གཏོད།། རྟ་མགྲིན་སྐུར་གནས་དབང་བཙུགས་ཏེ།། སྲིད་པའི་བགེགས་ལ་ཞལ་ལྕེ་བཅད།། མཐིང་ནག་མེ་འབར་དཀྱིལ་འཁོར་དུ།།
170b7 སྤུག་ནག་སྔོ་ནག་དམར་ནག་འབ་རེ།། འཇིགས་བྱེད་ཁྲོ་བོའི་སྤྲུལ་པས་དྲངས།། དཔལ་གྱི་ཕོ་ཙས་གནས་ནས་དགུག། སྒྲུབ་པའི་རྫས་དང་མཆོད་པ་དགོད།། བཅོ་ལྔ་ཁྲོ་བོ་མ་མོ་གསུམ།། བསྙེན་དང་བསྒྲུབ་པ་ཚུལ་བཞིན་བྱ།། མཚན་མ་མཐོང་ངམ
iiif viewer powered by OpenSeadragon
170a - 171a